མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར141བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2013-01-24 11:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ལྟ་ཞིབ་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན། ན་ནིང་ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས136ལ་བསྡོམས་པས་མ་དངུལ་སྒོར་ཁྲི1402987བཏང་ཞིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་ཆད་མེད་པར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས།

བསྡོམས་རྩིས་བྱས་པ་གཞིགས་ན། ན་ནིང་ཁུལ་ཡོངས་ནས་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས136ལ་འཆར་གཞི་ལྟར་མ་དངུལ་སྒོར་ཁྲི1407886བཏང་ཞིང་། དེའི་ནང་དུ་རྣམ་གྲངས་གསར་བ75དང་། རྒྱུན་མཐུད་རྣམ་གྲངས61བཅས་འདུས། སྤྱི་ཟླ12པའི་ཚེས31ཉིན་བར་བསྡོམས་པས་མ་དངུལ་སྒོར་ཁྲི1402987ལེགས་འགྲུབ་བྱུང་ཞིང་། གཙོ་གནད་རྣམ་གྲངས136ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། རྣམ་གྲངས120འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། གཙོ་གནད་རྣམ་གྲངས136འཛུགས་སྐྲུན་རྣམ་གྲངས་ལས7.32%ཟིན། ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཆར་འགོད་གནས་ཚུལ་ལ་བལྟས་སོང་ན། ཞིང་ལས་དང་འགྲིམ་འགྲུལ། ནུས་ཁུངས་སོགས་གཙོ་གནད་རྣམ་གྲངས་བཞིའི་ལོ་འདིའི་ནང་གི་མ་དངུལ་གཏོང་བའི་འཆར་གཞི་ལེགས་འགྲུབ་བྱུང་བ་དང་། དེའི་ནང་སྤྱི་ཚོགས་ལས་དོན་དང་། གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས། བཟོ་ལས་སོགས་རྣམ་གྲངས་གསུམ་ལ་ལོ་འདིའི་ནང་གི་མ་དངུལ་གཏོང་རྒྱུ་ཡིན་པའི་འཆར་གཞི་ད་དུང་ལེགས་འགྲུབ་བྱུང་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག