མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ངལ་རྩོལ་ཕྱིར་གཏོང་བྱས་པར་ཡོང་སྒོ་སྒོར་ཁྲི8500ཐོབ་པ།།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-23 10:56

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2012ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ལས་ཞུགས་ཀྱི་གར་སྟེགས་སྐྲུན་ནས།  ཞིང་སྡེའི་ངལ་རྩོལ་བ་ཕྱི་རུ་ལས་ཀ་བཙལ་ནས་ཡོང་སྒོ་འཕར་སྣོན་བྱེད་པར་ཞབས་ཞུ་ལེགས་པོ་སྒྲུབ་པས་ཞིང་བའི་ཡོང་སྒོ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་།  2012ལོའི་ཟླ11པའི་ཟླ་མཇུག་བར་དུ།  འབའ་ལུང་རྫོང་གི་ངལ་རྩོལ་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི8570.88ལ་སླེབས་པ་དང་།  ཞིང་བ་ལས་བཟོ་བའི་མི་རེར་ཟླ་རེའི་ཡོང་སྒོ་ཆ་སྙོམས་སུ་སྒོར720ཐོབ་ཡོད་པས།  ལོ་རྒྱུས་སྟེང་གི་ཟིན་ཐོ་གསར་བ་བསྐྲུན། 

ཟླ11པའི་ཟླ་མཇུག་བར་དུ།  རྫོང་ཡོངས་ནས་ཞིང་སྡེའི་ངལ་རྩོལ་བ་བསྡོམས་པས་མི་ཐེངས14880ཕྱིར་གཏོང་བྱས་ཤིང་།  ཁུལ་ངལ་རྩོལ་ཅུའུ་ཡིས་ལོ་འདིའི་ནང་ངལ་རྩོལ་བ་ཁྲི1.2ཕྱི་གཏོང་བྱེད་དགོས་པའི་ལས་འགན་ལས124%དང་། རང་འགུལ་གྱིས་ངལ་རྩོལ་བ་མི་ཐེངས་ཁྲི14880ཕྱིར་གཏོང་བྱས་ཤིང་།  རྫོང་ཁོངས་སུ་ངལ་རྩོལ་བ་ཕྱིར་གཏོང་བྱས་པ་མི་ཐེངས7615ཡོད་པ་དང་།  ཞིང་ཆེན་ནང་ཁུལ་གྱི་རྫོང་ཁག་གཞན་དུ་ངལ་རྩོལ་བ་ཕྱིར་གཏོང་བྱས་པ་མི་ཐེངས4251ཡོད། ཞིང་ཆེན་ཕྱི་རུ་ངལ་རྩོལ་བ་ཕྱིར་གཏོང་བྱས་པ་མི་ཐེངས3014བཅས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག