མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-10-07 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས3ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན།  ཤེས་གསལ་བྱུང་བ་ལྟར་ན་སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མང་བའི་དུས་ཀྱི《རྫོགས་ལྡན་གཟའ་འཁོར་གྱི་སྣེ་ལེན་འཆར་ཟིན》བཟོས་ཏེ།  དུས་མཚམས་བགོས་ནས་འཁོར་སྐྱོད་བྱེད་ཀྱིན་ཡོད་པ་དང་།  བདེ་འཇགས་ཐད་ཀྱི་གནད་དོན་གཅིག་ཀྱང་བྱུང་མེད།  མིག་སྔར་ཡུལ་ལྗོངས་ཁུལ་གྱི་བྱ་གཞག་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད་པས་གནས་སྐོར་བ་རྣམས་ཀྱི་དགའ་བསུ་ཐོབ་བཞིན་ཡོད།  །