མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-09-09 11:15


ཟླ9བའི་ཚེས8ཉིན།  ཀོས་ཀྲུག་ཞིང་ཆེན་ཝུས་ཉིན་རྫོང་ཡོན་ཀོས་ཤང་ཅེན་ཅའོ་སྡེ་བ་རུ། གནོད་ཐེབས་མང་ཚོགས་རྣམས་རྒུད་སྐྱོར་སྦྲ་གར་ནང་གནས་སྤར་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ9པའི་ཚེས7ཉིན།  ཡུན་ནན་ཞིང་ཆེན་ཧྲའོ་ཐོན་གྲོང་ཁྱེར་ཡུས་ལིང་རྫོང་དུ་བསྟུད་མར་ཐེངས་གཉིས་ལ་ཚད་རིམ5ཡི་ས་འགུལ་བྱུང་བ་དང་། ཉེ་འཁོར་དུ་ཆགས་ཡོད་པའི་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་ཝུས་ཉིན་རྫོང་དང་ཧེ་ཀྲང་རྫོང་གནད་འཚེ་ཐེབས།  ཚེས8ཉིན་གྱི་ནམ་ལངས་ཁའི་དུས་ཚོད1སྟེང་། ས་འགུལ་ལས་ཝུས་ཉིན་རྫོང་དང་ཧེ་ཀྲང་རྫོང་གི་ཤང་དང་གྲོང་རྡལ13གྱི་མང་ཚོགས28125ལ་གནོད་འཚེ་ཐེབས་པ་དང་།  མི་གཉིས་ལ་རྨས་ཕོག  དུད་ཁྱིམ6523གྱི་སྡོད་ཁང11798ལ་གཏོར་བརླག་ཐེབས།  ས་འགུལ་བྱུང་རྗེས།  པའེ་ཧ་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་སྤྱི་བདེ་དང་མེ་འགོག  ལས་ཁུངས་ཀྱི་ལས་བྱེད་མི་སྣ3000ལྷག་རྩ་འཛུགས་བྱས་ཏེ་རྒུད་སྐྱོར་སྦྲ་གར་དང་སྟབས་བདེ་ཐུག་པ།  གཏེར་ཆུ།  མལ་ཐུབ་སོགས་དངོས་ཟོག་གནོད་ཐེབས་ས་ཁུལ་དུ་བསྐྱལ་ནས་གནོད་འགོག་རྒུད་སྐྱོར་གྱི་ལས་སུ་ཞུགས་པ་རེད། །