མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྟག་མཆོང་གྲོག་རོང་གྲོང་རྡལ་གྱིས་ཉིན་རེར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས3000སྣེ་ལེན་བྱེད་བཞིན་ཡོད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ  2012-07-03 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཛེས་སྡུག་ལྡན་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གནས་སྐོར་བས་ཁེངས་འདུག་པ་དང་།  ཆར་ཆུ་ཇེ་མང་ལ་སོང་བར་བསྟུན་འབྲི་ཆུའི་བཞུར་རྒྱུན་རྒྱས་ཤིང་།  སྟག་མཆོང་གྲོག་རོང་དུ་གནས་སྐོར་རྫོགས་ལྡན་དུས་ཚིགས་སུ་ཐོན་པས།  མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཉིན་རེར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས3000ལྷག་གནས་སྐོར་ལྗོངས་རྒྱུ་བྱེད་བཞིན་ཡོད།  །