མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2011-08-18 10:12


ཡུས་ཀྲིན་ཧྲིན་དང་ཧན་ཀྲིན་འཁོར་དང་བཅས་པ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་དུ་བརྟག་དཔྱད་བྱེད་བཞིན་པ། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ།  ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུས་ཀྲིན་ཧྲིན་དང་།  ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  ཧྲི་ཀྲང་ཧན་ཀྲིན་གཉིས་ཀྱིས་སྣེ་ཁྲིད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟླ8པའི་ཚེས11ཉིན་ནས་ཚེས12ཉིན་བར་ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  ཧྲིན་ཀྲང་ཆིན་ཀོང་རོན།  ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་ཅུས་ཧིན།  ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཞའོ་རིན་བཅས་ཀྱིས་འགྲོ་རོགས་འོག་བདེ་ཆེན་ཁུལ་དུ་བརྟག་དཔྱད་བྱས།  ཡུས་ཀྲུན་ཧྲིན་གྱིས་ཚེས11ཉིན་བསྡུས་པའི་ཧྲང་ཧེ་གྲོང་ཁྱེར་གྱི་ཡུན་ནན་ཞིང་ཆེན་བར་གྱི་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་རྣམ་གྲངས་བདེ་ཆེན་བྱ་བའི་བཞུགས་མོལ་ཚོགས་འདུ་སྟེང་བཤད་རྒྱུར།  ས་ཁུལ་སོ་སོ་དང་རིགས་སོ་སོའི་མི་རིགས་རྣམས་མཉམ་སྒོས་ཕྱུགས་འགྱུར་གྱི་ལམ་དུ་བསྐྱོད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཡང་དག་པ་ཡིན་པ་འགྲེལ་བཤད་གསལ་བོ་བྱས་ཡོད་པ་མ་ཟད།  ཏང་ཀྲུང་དབྱང་གིས་ལོ་མང་པོའི་རིང་རྒྱུན་ཆད་མེད་པར་དམ་འཛིན་བྱེད་པའི་བྱ་བའི་རྩ་དོན་ཡང་ཡིན།  

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏུན་ལིན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བདེ་ཆེན་ཁུལ་གྱི་གནས་བབ་དང་།  ཉེ་བའི་ལོ་འགའི་རིང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས།  ཧྲང་ཧེ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་བཅས་བདེ་ཆེན་ཁུལ་གྱི“ལོ་ལྔའི་ཚན་བཅུ་གཉིས་འཔི”སྐབས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དམིགས་འབེན།  དབུལ་སྐྱོར་བྱ་བའི་གཙོ་གནད་ཐད་ནས་མཚམས་སྦྱོར་བྱས།  །