ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འདི་དག་གི་རིང་ལ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གནམ་སྔོ་གྲོང་ཚོ་རུ་གྲོང་ཚོའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་ལྷག་པ་དོན་འགྲུབ་ཀྱིས་ལས་སྣོན་ཁང་དུ་ཉིན་གཉིས་སྔོན་ན་བཏོག་པའི་ཀོ་ཤ་སྐམ་བཞིན་ཡོད། “འདི་ནི་ད་ལོར་བཏོག་པའི་ཀོ་ཤ་སྐོར་དང་པོ་ཡིན་ལ། ཕལ་ཆེར་རྒྱ་མ80ཡོད་པ་དང་། རྒྱ་མ་རེར་སྒོར500ལྷག་བཙོང་ཐུབ”ཅེས་བརྗོད།
འདི་ནི་ལྷག་པ་དོན་འགྲུབ་གྱིས་ཀོ་ཤ་སྐམ་བཞིན་པའི་ཚུལ་རེད།
གསར་འགོད་པ་ལྷག་པ་དོན་འགྲུབ་དང་མཉམ་དུ་ནགས་གསེབ་དུ་སོང་པ་ན་ཀོ་ཤ་མང་པོ་ནགས་གསེབ་ནས་སྐྱེས་ཡོད་པ་མཐོང་། ལྷག་པ་དོན་འགྲུབ་ཀྱིས་ཀོ་ཤའི་སྐྱེས་ཚུལ་ལ་ལྟོས་ནས་གསར་འགོད་པར“ཞིབ་ཕྲའི་ངང་འབུ་ཡོད་མེད་དང་། ས་རྒྱུའི་རློན་ཚད་འདང་ངེས་ཡིན་མིན། ཀོ་ཤ་བཏོག་དུས་ཀོ་ཤའི་རྩ་བ་མ་གཏོགས་རེག་མི་རུང་། གལ་ཏེ་ཀོ་ཤའི་གནས་གཞན་པར་རེག་ན་བཙོང་དཀའ་བ་ཡིན”ཞེས་བརྗོད།
གནམ་སྔོན་གྲོང་ཚོའི་ཁོར་ཡུག་མཛེས་པས། 2016ལོར་ས་གནས་སྲིད་གཞུང་གིས་སྐྱེ་ཁམས་དཔལ་འབྱོར་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པར་ཐག་བཅད་ནས་ཀོ་ཤ་འདེབས་འཛུགས་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། “གྲོང་མི་ཚོས་སྔོན་གྱི་ངལ་རྩོལ་ཁྲོད་རྨང་གཞིའི་ཤེས་བྱ་སྐོར་བསླབ་ཡོད་པས། ཀོ་ཤ་འདེབས་འཛུགས་ལག་རྩལ་ལ་རྒྱུན་ལོན་རགས་ཙམ་བྱས་ཡོད། མཐའ་འཁོར་གྲོང་ཚོས་ནགས་གསེབ་ཀོ་ཤ་འདེབས་འཛུགས་བྱས་པ་ཤིན་ཏུ་ཉུང་བས། ང་ཚོར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པར་འདོད་ཡོད”ཅེས་ལྷག་པ་དོན་འགྲུབ་ཀྱིས་དེ་ལྟར་བརྗོད།
འདི་ནི་ལྷག་པ་དོན་འགྲུབ་གྱིས་ཀོ་ཤའི་སྐྱེས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།
2018ལོར། གྲོང་མི་ཚོས་ཕྱི་རོལ་ནས་ཀོ་ཤ་འདེབས་འཛུགས་བྱེད་མགོ་བརྩམས་པ་དང་། ནོར་འཛོལ་ཆུང་ཆུང་བྱུང་བས་འདེབས་འཛུགས་ལས་དོན་ཕམ་པར་བརྒྱབ་ནས་གྱོང་གུན་སྒོར་ཁྲི12བྱུང་། རྗེས་སུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པས་སྲིད་གཞུང་གིས་མ་དངུལ་གཏོང་བར་བརྩོན་ལེན་བྱས་པ་དང་། ལག་རྩལ་ཀུང་སི་དང་ཆེད་མཁས་མི་སྣ་འབྲེལ་གཏུག་བྱས་ཏེ་ལྷག་པ་དོན་འགྲུབ་འཐུས་ཚབ་བྱེད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཕྱི་རོལ་དུ་སོང་ནས་གསོ་སྦྱོང་ལ་ཞུགས་པ་དང་། སྔོན་ཐོན་གྱི་འདེབས་འཛུགས་ཉམས་མྱོང་གྲོང་མི་སྔར་ལས་མང་པོར་ཁྲིད་པ་རེད། དེ་ནས་གནམ་སྔོ་གྲོང་ཚོའི་ཀོ་ཤ་འདེབས་འཛུགས་ཐོན་ལས་རྒྱུན་ལྡན་གྱི་བགྲོད་ལམ་ནང་བསྐྱོད་པ་དང་། ད་ལྟ་ལོ་རེར་གྲོང་མི་ཚོར་སྒོར་ཁྲི་བཅུ་ལྷག་གི་ཡོང་འབབ་བསྐྲུན་པ་རེད།
ལྷག་པ་དོན་འགྲུབ་ཀྱིས“གནམ་སྔོ་གྲོང་ཚོའི་ཀོ་ཤའི་འབུར་ཐོན་ཁྱད་ཆོས་ནི་རང་བྱུང་ཁམས་དང་ཉེ་བ་དང་། འཚོ་བཅུད་རིན་ཐང་མཐོ་བ”ཡིན་ཞེས་བརྗོད། གནམ་སྔོ་གྲོང་ཚོའི་ནགས་ཚལ་གྱི་དྲོད་ཚད་འོས་འཚམ་ཡིན་པས་རི་སྐྱེས་སྐྱེ་དངོས་རིགས་སོ་སོ་སྐྱེས་ཚུལ་ཡག གྲོང་མི་ཚོས་ནགས་ཚལ་འདིས་སྤུས་ལེགས་ཀྱི་འདེབས་འཛུགས་ཁོར་ཡུག་བསྐྲུན་པར་བཀའ་དྲིན་ཞུ་འདོད་ཡོད་ཟེར། “ལོ་འགའི་སྔོན་ན། ང་ཚོས་ཀོ་ཤ་འདེབས་འཛུགས་བྱེད་དུས་མི་སྐོར་ཞིག་གིས་སྡོང་ཤིང་གཅོད་རྩིས་ཡོད་པ་མཐོང་ཚེ་བཀག་འགོག་བྱས་པ་དང་། ཀོ་ཤ་འདེབས་འཛུགས་བྱེད་པའི་ཞོར་དུ་ལྷག་བསམ་རྣམ་དག་གིས་ནགས་ཚལ་ལ་སྲུང་སྐྱོང་བྱེད་བཞིན་ཡོད”ཅེས་བརྗོད།
འདི་ནི་གནམ་སྔོ་གྲོང་ཚོའི་འདེབས་འཛུགས་བྱས་པའི་ནགས་གསེབ་ཀོ་ཤ་རེད།
ད་ལྟ། གནམ་སྔོན་གྲོང་ཚོའི་ནགས་གསེབ་ཀོ་ཤ་འདེབས་འཛུགས་རྒྱ་ཁྱོན་མུའུ10ནས་མུའུ40སླེབས་པ་དང་ཐོན་ཚད་རྒྱ་མ800འཕར་ཡོད། ལས་སྣོན་ཁང་དུ་ཆེད་ལས་དེང་རབས་ཅན་གྱི་སྒྲིག་ཆས་ཡོད་པ་མ་ཟད། ཀོ་ཤ་སྐམ་པ་སོགས་ཀྱི་ལས་དོན་སྔར་ལས་སྟབས་བདེ་རུ་གྱུར། གནམ་སྔོ་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོས་གསར་འགོད་པར“མ་འོངས་པར། ང་ཚོས་མུ་མཐུད་དུ་ནགས་བརྟེན་ཀོ་ཤ་འདེབས་འཛུགས་ལག་རྩལ་ལེགས་བཅོས་སུ་བཏང་ནས། ཧུར་ཐག་གིས‘གསེར་མཐའ་ཀོ་ཤ’སོགས་ཀྱི་རིན་ཐང་མཐོ་བའི་ཐོན་རྫས་གསོ་སྤེལ་བྱས་པ་མ་ཟད། ཀོ་ཤ་འདེབས་འཛུགས་ཀྱི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་ནས་འབྲི་ཏ་ས་འཛིན་འདེབས་འཛུགས་ཚོད་ལྟ་བྱས་པས་མིག་སྔར་ཚོང་ལམ་རྒྱ་བསྐྱེད་ཡོད”ཅེས་བརྗོད།
འདི་ནི་ལྷག་པ་དོན་འགྲུབ་ཀྱིས་འདེབས་འཛུགས་བྱས་པའི་ཀོ་ཤ་རེད།
ཡང་ལུའུ་ཕིང་གིས“མིག་སྔར། ང་ཚོས་གྲོང་ཚོའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བཞིན་ཡོད་ལ། མ་འོངས་པར་གློག་ཚོང་སྟེགས་བུ་བརྒྱུད་དེ་གནམ་སྔོ་གྲོང་ཚོའི་ནགས་བརྟེན་ཀོ་ཤ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བཙོང་ཐུབ་པར་གྱུར། གཞན་ཡང་། ང་ཚོས་ནགས་ཚལ་འདི་བེད་སྤྱོད་གང་ལེགས་བྱས་ནས་གྲོང་ཚོ་རུ་ཁྱིམ་ཚང་མགྲོན་ཁང་སོགས་སྒོ་ཕྱེས་ནས། ཡུལ་སྐོར་པ་རྣམས་ལ་རབ་མཛེས་སྐྱེ་ཁམས་ཁོར་ཡུག་གི་སྐྱིད་སྣང་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་ཉིང་ཁྲི་ཡིས་ཀོ་ཤ་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།