ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་དྲ་ཐོག་ཚོང་ལས་ཀྱིས་གྲོང་གསེབ་ཀྱི་འཚོ་བ་གསར་བ་བཏོད་པར་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230602332178004992.jpg

པར་འདི་ནི་གྲོང་མིས་དྲ་ཐོག་ཚོང་ལས་སྟེགས་བུ་བརྒྱུད་ནས་ཉོ་སྒྲུབ་བྱས་པའི་ཁྱིམ་སྤྱོད་གློག་ཆས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། དྲ་ཐོག་ཚོང་ལས་མུ་མཐུད་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་བརྗེས་བྱུང་ཡོད། དྲ་ཐོག་ཚོང་ལས་ཀྱིས་གྲོང་གསེབ་མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་བཏང་བ་མ་ཟད། གྲོང་གསེབ་ཀྱི་འཚོ་བ་འཕེལ་རྒྱས་ཐད་བཅོས་སྒྱུར་ཡང་ཐུབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་དྲ་ཐོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར189.7ཟིན་པ་དང་དེ་ནི2016ལོའི་དྲ་ཐོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར5ཡི་ལྡབ38ཙམ་ཡིན་ལ། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཞན་ཡང་། 2022ལོའི“བཅུ་གཅིག་ཟུང”ཉོ་སྒྲུབ་དུས་ཆེན་རིང་། བོད་ལྗོངས་ཀྱི་དྲ་ཐོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར18.8ཟིན་ནས་དུས་མཉམ་ལས29.8%འཕར་ཡོད། 

W020230602332178165088.jpg

པར་འདི་ནི་ཟོག་འགྲེམ་ལས་དོན་མི་སྣ་ཚེ་རིང་རྡོ་རྗེ་ཡིས་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཚོང་ཟོག་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད། 

ཅིན་ཏུང་གི་ཟོག་འགྲེམ་ལས་དོན་མི་སྣ་ཚེ་རིང་རྡོ་རྗེ་ཡིས་ལས་ཀ་འདི་གཉེར་ནས་ལོ་བཞི་ཙམ་འགོར་ཡོད་ཅིང་། ཁོའི་དམིགས་ཡུལ་ནི་ཚོང་མགྲོན་གྱིས་མངག་ཉོ་བྱས་པའི་ཚོང་ཟོག་མགྱོགས་མྱུར་སྒོ་མཁོ་མཁན་གྱི་ལག་ཏུ་སྐྱེལ་རྒྱུ་དེ་ཡིན། ཁོང་གིས་ཟོག་འགྲེམ་གྱི་ལས་རིགས་འདི་ཉེན་ཁ་ཆེ་ནའང་ང་རང་ལས་ཀ་འདིར་དགའ་ཞེན་ཆེན་པོ་ཡོད་ཟེར།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་པ་གྲོང་ཚོར་བཅའ་སྡོད་བྱས་པའི་རུ་གཙོ་འཕགས་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཐུད་པ་གྲོང་ཚོ་ནས་རྫོང་མཁར་བར་སྤྱི་ལེ70ཡོད་པ་དང་ཆུ་ཚོད2ལྷག་གི་ལམ་ཐག་ཡོད། “ལོ་ངོ་གཉིས་ཀྱི་གོང་། འདི་གར་དྲ་ཐོག་ཉོ་སྒྲུབ་བྱེད་མཁན་མང་པོ་མེད་པ་དང་། དྲ་ཐོག་ཉོ་སྒྲུབ་ལ་རྒྱུས་མངའ་མེད་པ། ཉོ་སྒྲུབ་བྱས་པའི་དངོས་ཟོག་བསྐྱལ་མཁན་ཡང་མེད། ད་ལྟ‘སྦྲག་ཐོག་བསྐུར་གླ་སྤྲོད་དགོས་པ’ནས‘ཉིན་དེར་ལག་ཏུ་འབྱོར་བའི’འཕོ་འགྱུར་བྱུང་སྟེ་ས་གནས་འཚོ་བར་སྟབས་བདེ་ཆེན་པོ་བཟོས་ཡོད།

དེང་སྐབས་བོད་ལྗོངས་ཀྱིས་ཆ་ཚང་བའི་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་སོགས་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་བརྟེན་ནས།  དེང་རབས་ཞབས་ཞུའི་ལས་རིགས་སྤྱི་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་དྲ་ཐོག་ཚོང་ལས་ཞབས་ཞུ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ཡོད། 2023ལོ་ནས་ད་ལྟའི་བར་བོད་ལྗོངས་ཀྱི་དྲ་ཐོག་ཉོ་སྒྲུབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་ལྔ་བར་སླེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།