ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་པེ་ཅིན་ནས་བོད་ལྗོངས་སུ་བསྐྱོད་པའི་ཡུལ་སྐོར་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

6.jpg

7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས31ཉིན་གྱི་དགོང་མོ་མེ་འཁོར་ཞིག་སླེབས་པ་དང་། པེ་ཅིན་ནས་ཡོང་བའི་ཡུལ་སྐོར་བ500“སེམས་དང་སེམས་སྦྲེལ་པ•པེ་ཅིན་ནས་བོད་ལྗོངས་སུ་བསྐྱོད་པའི”བོད་སྐྱོར་ཡུལ་སྐོར་མེ་འཁོར་བསྡད་དེ་བོད་ལྗོངས་ལྷ་སར་འབྱོར།

 “སེམས་དང་སེམས་སྦྲེལ་པ•པེ་ཅིན་ནས་བོད་ལྗོངས་སུ་བསྐྱོད་པའི”ཡུལ་སྐོར་ལྟ་སྐོར་མེ་འཁོར་ལས་གཞི་ནི་སྔར་ལས་ལྷག་པའི་སྒོ་ནས་པེ་ཅིན་གྱི་བོད་སྐྱོར་གྲུབ་འབྲས་རྒྱ་ཇེ་ཆེར་གཏོང་བ་དང་། པེ་ཅིན་གྲོང་ཁྱེར་གྱི་ཡུལ་སྐོར་བ་བོད་ལྗོངས་སུ་བསྐྱོད་པར་སྣེ་ཁྲིད་མཛད་དེ་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་བརྒྱུད། ནུས་ལྡན་གྱིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ལ་གོང་སྤེལ་བཏང་ནས། བོད་ལྗོངས་ཏེ་ལྷག་པར་དུ་ལྷ་ས་གྲོང་ཁྱེར་དང་པེ་ཅིན་སོགས་ཀྱི་མི་དམངས་མང་ཚོགས་བར་ཕན་ཚུན་བརྗེ་ལོན་བྱེད་པར་སྐུལ་འདེད་བྱས་ཤིང་ལྕགས་ལམ་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཤར་གཏོང་བྱས་པའི་པེ་ཅིན་ནས་བོད་ལྗོངས་བར་གྱི་ཡུལ་སྐོར་མེ་འཁོར་ཡིན།

“སེམས་དང་སེམས་སྦྲེལ་པ•པེ་ཅིན་ནས་བོད་ལ་བསྐྱོད་པའི”རིག་གནས་ཡུལ་སྐོར་མེ་འཁོར་ཤར་གཏོང་བྱས་པ་དེས་པེ་ཅིན་མི་དམངས་ཀྱིས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་བཅངས་བའི་བརྩེ་སེམས་མཚོན་པ་མ་ཟད། ཏང་གི་མི་རིགས་སྲིད་ཇུས་དང་དམངས་ཕྱུག་སྲིད་ཇུས་ཡང་དག་ཅིང་ཤུགས་ལྡན་དང་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་དུ་བོད་ལྗོངས་ལ་བཅངས་བའི་ཐུགས་ཁུར་མཚོན་ཡོད། མེ་འཁོར་དེས་མི་རིགས་བརྗེ་རེས་དང་ཕན་ཚུན་འབྲེལ་བ་འཛུགས་པའི་འཕེལ་རྒྱས་གསར་བར་སྐུལ་འདེད་བྱས་ཤིང་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན།

ལྷ་ས་གྲོང་ཁྱེར་ནི་པེ་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོབ་ས་ཁུལ་ཡིན་པའི་ཆ་ནས། ཡུལ་སྐོར་མེ་འཁོར་ཤར་གཏོང་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་པེ་ཅིན་སྡོད་དམངས་བོད་ལྗོངས་སུ་བསྐྱོད་དེ་ཡུལ་སྐོར་འཛད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ས་གནས་མང་ཚོགས་ཀྱི་མི་རིགས་སོ་སོའི་ཡོང་འབབ་མཐོ་རུ་བཏང་བས། རྒྱལ་ཁབ་ཀྱི་བོད་ལྗོངས་ལ་རོགས་སྐྱོར་མཛད་དེ་དཔལ་འབྱོར་ཡུན་རིང་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་བྱུང་བར་ནུས་བ་གལ་ཆེན་བཏོན་ཡོད། ཡུལ་སྐོར་མེ་འཁོར་ཤར་གཏོང་བྱས་པ་དེ་རྨང་གཞིར་བཟུང་ནས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་བརྒྱུད། པེ་ཅིན་དང་ཐན་ཅིན་སོགས་མཐའ་འཁོར་ས་ཁུལ་གྱི་སྡོད་དམངས་བོད་ལྗོངས་སུ་བསྐྱོད་ནས་ཡུལ་སྐོར་བྱེད་པར་སྣེ་ཁྲིད་བྱས་པས། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།