ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ།

༡.jpg

པར་འདི་ནི་ཇོ་མོ་གླང་མའི་འདབས་ཀྱི་ཤིང་སྡོང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད་ཇོ་མོ་གླང་མའི་སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཐད་ཕན་འབྲས་མངོན་གསལ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུའུ་ཡི་ཆེད་མཁས་པས་དཔྱད་དཔོག་བྱས་པ་གཞིར་བཟུང་། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་མངའ་ཁོངས་ཀྱི་འཐུས་ཚབ་རང་བཞིན་གྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱས་ཡོད་ཅིང་། དེའི་ནང་སྟོངས་ཉེན་ཡོད་པའི་སྲོག་ཆགས་སྐྱེ་འཕེལ་བྱ་ཡུལ་དང་འབབ་སྡོད་བྱ་ཡུལ། དུས་བྱ་གནས་སྤོར་གྱི་མཚེའུ་གལ་ཆེན། བརླན་ས། དེ་བཞིན་ཚན་རིག་ཞིབ་འཇུག་དང་ཡུལ་སྐོར་རིན་ཐང་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ས་གཤིས་རྗེས་ཤུལ། སྐྱེ་དངོས་འགྱུར་རྡོ་བཅས་འདུས་ཡོད།

ཇོ་མོ་གླང་མའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱིས1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.38ཟིན་པ་དང་། དེ་ནི་གོ་ལ་ཧྲིལ་བོའི་ས་བབ་མཐོ་ཤོས་དང་ཧེ་བག་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། གཙོ་བོ་ཧ་ཅང་མཐོ་བའི་རི་མཐོའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་དགོས། 1994ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱུང་བ་དང་། 2005ལོར་འཛམ་གླིང་གི་སྐྱེ་དངོས་ཚོམས་སྲུང་སྐྱོང་ཁུལ་ནང་བཅུག་པ་རེད། །

༢.jpg

འདི་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་བའི་བརླན་ས་རེད།

༣.jpg

འདི་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་བའི་སྟར་བུའི་ནགས་དང་བརླན་ས་རེད།

༤.jpg

འདི་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་བའི་བརླན་ས་རེད།

༥.jpg

པར་འདི་ནི་ཁོར་སྲུང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཇོ་མོ་གླང་མའི་ཕྱོགས་སུ་འགྲོ་བའི་རྣམ་པ་རེད།

༦.jpg

པར་འདི་ནི་ཇོ་མོ་གླང་མའི་འདབས་ཀྱི་ཤིང་སྡོང་རེད།

༧.jpg

པར་འདི་ནི་གོང་མོ་ཞིག་གིས་ཇོ་མོ་གླང་མའི་འདབས་སུ་ཟས་འཚོལ་བའི་རྣམ་པ་རེད།

༨.jpg

པར་འདི་ནི་གངས་སྐྱུང་ཞིག་གིས་ཇོ་མོ་གླང་མའི་འདབས་སུ་ཟས་འཚོལ་བའི་རྣམ་པ་རེད།

༩.jpg

འདི་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་བའི་གནའ་བ་རེད།

༡༠.jpg

པར་འདི་ནི་གནའ་བ་ཁྱུ་གཅིག་གིས་ཇོ་མོ་གླང་མའི་འདབས་སུ་ཟས་འཚོལ་བའི་རྣམ་པ་རེད།

༡༡.jpg

འདི་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་བའི་གནའ་བ་དང་གངས་སྐྱུང་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།