ཀྲུང་གོ་བོད་ཀྱི་དྲ་བ།

སྨན་བཅོས་བོད་སྐྱོར་གྱིས་བོད་ལྗོངས་ལྷ་སའི་མང་ཚོགས་ལ་དྲོད་ཁོལ་སྦྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྐབས་བཞི་བའི་གངས་ལྗོངས་མཐོ་སྒང་དབུགས་ལམ་གླེང་སྟེགས་ལྷ་ས་ནས་སྤེལ་མགོ་ཚུགས་ཤིང་། གླེང་སྟེགས་ཁྲོད་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིན་ཁྲའོ་དབྱང་སྨན་ཁང་དབུགས་ལམ་དང་ནད་པ་ལྗིད་མོའི་གསོ་རིག་ཚན་ཁག་གི་ཆེད་མཁས་མི་སྣ་གདན་དྲངས་ནས་ས་གནས་སྨན་པ་དང་དབུགས་ལམ་ནད་ཐོག་སྨན་བཅོས་ཁྲོད་ཀྱི་རྒྱུན་མཐོང་གནད་དོན་གྲོས་བསྡུར་བྱས་པས། ལྷ་ས་གྲོང་ཁྱེར་གྱི་དབུགས་ལམ་ཚན་ཁག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

དབྱང་སའོ་ཆའོ་ནི་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིན་ཁྲའོ་དབྱང་སྨན་ཁང་དབུགས་ལམ་དང་ནད་པ་ལྗིད་མོའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་སྨན་པ་ཞིག་ཡིན་པ་མ་ཟད། པེ་ཅིན་གྱི་སྐོར་བརྒྱད་པའིཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ནང་གི་སྨན་པ་ཞིག་ཡིན། ད་ལྟ་ཁོང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབུགས་ལམ་དང་ནད་པ་ལྗིད་མོའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གྱི་འགན་ཁུར་བཞིན་ཡོད།

3.jpg

  འདི་ནི་སྨན་པ་དབྱང་སའོ་ཆའོ་ཡིས(གཡས་ཕྱོགས་ཀྱི་གཉིས་པ)མཉམ་བསྡུས་ནད་དཔྱད་བྱེད་བཞིན་པའི་ཚུལ་རེད།

སྐོར་བརྒྱད་པའིཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཚོས་སློབ་སྦྱོང་ཁྲོད་དབུགས་ལམ་མ་ལག་ནད་གཞིའི་སྨན་བཅོས་ཀྱི་འདུ་ཤེས་གསར་བ་དང་ལག་རྩལ་གསར་བ་ཁོང་དུ་ཆུད་པ་རེད། སྨན་ཁང་གིས་དབུགས་ལམ་ནད་པ་ལྗིད་མོའི་སྨན་བཅོས་དང་སྡོད་རྩ་ཁྲག་རྡོག་ཁྲག་རྩ་འགག་པའི་ནད་ཀྱི་ཚད་ལྡན་སྨན་བཅོས་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན། སྨན་ཁང་ནང་གི་ཁྲག་རྡོག་ཁྲག་རྩ་འགག་པའི་ནད་གཞི(VTE)དཔྱད་དཔག་གློག་རྡུལ་ཅན་ཆ་འཕྲིན་མ་ལག་ལ་བརྟེན་ནས། སྨན་ཁང་དུ་སྡོད་པའི་ནད་པརVTEཉེན་ཁ་དང་ཁྲག་འདོན་སོགས་ཀྱི་དོན་དངོས་གནས་ཚུལ་དཔྱད་དཔག་བྱས། ཟླ་བཞི་བའི་ཟླ་མགོར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཉེན་ཁ་ལྡན་པའི་གློ་བའི་ཁྲག་རྩ་འགག་པའི་ནད་པ་ལྗིད་མོ་ཞིག་ལ་སྨན་བཅོས་ལེགས་འགྲུབ་བྱས་པ་རེད།  

4.jpg

  འདི་ནི་སྨན་པ་དབྱང་སའོ་ཆའོ་ཡིས(གཡོན་ཕྱོགས་ཀྱི་དང་པོ)ནད་པར་ཞབས་ཞུ་མཁོ་འདོན་བྱེད་བཞིན་པའི་ཚུལ་རེད།

 2015ལོར། སྨན་བཅོས་ཤིས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དཔེ་དབྱིབས་དངོས་སུ་ལག་བསྟར་བྱས་པ་དང་། མིག་སྔར་པེ་ཅིན་གྱི་སྐོར་བརྒྱད་པའིཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་རྒྱུན་མཐུད་ངང་པེ་ཅིན་སྨན་བཅོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནས《མཐོ་སྒང་གི་གློ་བའི་ཁྲག་རྩའི་ནད་གཞི་ཚད་ལྡན་ཅན་གྱི་སྨན་བཅོས་ཁྱབ་གདལ་གཏོང་བའི་སློབ་ཁྲིད་རབ་དང་རིམ་པ》སྤེལ་བ་མ་ཟད། མཐོ་སྒང་གི་གློ་བའི་འཕར་རྩ་མཐོ་གནོན་དང་། སྡོད་རྩ་ཁྲག་རྡོག་ཁྲག་རྩ་འགག་པའི་ནད་གཞིའི་འགོག་བཅོས་མ་ལག་བསྐྲུན་ནས། རྒྱུན་མཐུད་ཀྱིས་མཐོ་སྒང་གི་སྨན་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནད་པའི་དབུགས་ལམ་མ་ལག་གི་བདེ་ཐང་སྲུང་བ་རེད། །  

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།