ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་ལེགས་བཅོས་ཧུར་ཐག་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་འཁོར་འབྲེལ་ཧྲིལ་པོར་ཞིབ་མཆན་འགོད་རྒྱུ་ལེགས་སུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་དྲང་གཞག་ངང་ལྟ་འདོམས་བྱེད་པ། དུས་འཁོར་ཧྲིལ་པོར་ཞབས་འདེགས་ཡག་པོ་ཞུ་བ་བཅས་ལ་སྐུལ་འདེད་བཏང་ཁར། ཚོང་གཉེར་གྱི་ཁོར་ཡུག་ཁྲོམ་ར་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བའི་ཐད། ནག་ཆུ་གྲོང་ཁྱེར་གྱིས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གཉེར་སྐྱོང་ཆོག་འཐུས་དང་འབྲེལ་བའི་དོན་ཚན་ལ་གསལ་ཐོའི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་པར་བྱས་པ་རེད། མིག་སྔར། གྲོང་ཁྱེར་དེས་ཐད་ཀར་ཞིབ་མཆན་མེད་པར་བཟོ་བ་དང་། ཞིབ་མཆན་འགོད་རྒྱུ་དེ་ཐོ་འགོད་སྙན་སེང་དུ་སྒྱུར་བ། ཁས་ལེན་ཤེས་སུ་འཇུག་པ། ཞིབ་མཆན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བཞི་གཞིར་བཟུང་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བཞིན་ཡོད། སྲིད་དོན་ཞབས་ཞུའི་སྲིད་འཛིན་ཆོག་འཐུས་དོན་ཚན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པ་34དང་རྫོང(ཆུས)11གིས་སྡེ་ཚན་གྱི་ཆོག་འཐུས་དོན་ཚན་གྱི་འབྲེལ་ཡོད་རྒྱུ་རྐྱེན་གཙོ་བོར་གསེད་བཀྲོལ་ཞིབ་ཚགས་བྱེད་པར་ལྟ་སྐུལ་སྐུལ་འདེད་གཏོང་བ། ལས་སྒྲུབ་ཀྱི་ཕྱོགས་སྟོན་ལེགས་སྒྲིག་གསར་བརྗེ་བཅས་བྱས་ཏེ་ནག་ཆུ་གྲོང་ཁྱེར་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་གསལ་ཐོ་བཟོས་ནས་སྲིད་འཛིན་ཆོག་འཐུས་དོན་ཚན་303ངོས་འཛིན་རྩིས་ལེན་བྱས་པ་དང་འབྲེལ། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་རེད།

ནག་ཆུ་གྲོང་ཁྱེར་གྱིས་དྲ་སྦྲེལ་ལས་སྟེགས་གང་ལེགས་སྤྱད་དེ་སྲིད་དོན་གྲངས་གཞིའི་བསྡུ་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་གི་ཞབས་ཞུ་ལེགས་སུ་གཏོང་བ། ཁེ་ལས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དྲ་ཐོག་ནས་ལས་སྒོ་གཉེར་གང་ཐུབ་བྱས་ཏེ་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པ་བྱས་ཡོད། མིག་སྔར། ནག་ཆུ་གྲོང་ཁྱེར་གྱི“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ཕྱོགས་ཡོངས་ནས་རིམ་པ་བཞིར་ཁྱབ་པ་དང་། གློག་རྡུལ་སྲིད་དོན་གྱི་ཕྱི་ཕྱོགས་དྲ་ཚིགས་ཁྱོན་1836བསྐྲུན་ཡོད་པ་རེད།

ཁེ་ལས་ཀྱི་ཐོ་སུབ་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ། གྲོང་ཁྱེར་དེས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཁྲོམ་རར་ཞུགས་སླ་བ་དང་ཁྲོམ་ར་ནས་ཕྱིར་འཐེན་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཁེ་ལས་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་པ། ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ཀྱི་ཐོ་སུབ་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཐོ་སུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཐོ་སུབ་སྤྱི་བསྒྲགས་ཀྱི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པར་དེ་བས་སྟབས་བདེ་ཅན་གྱི་ཞབས་འདེགས་ཞུས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།