ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ཆུ་གློག་དང་ཉི་ནུས་སོགས་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་ཤུགས་ཆེན་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་བཏོད་ཡོད། 2022ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ལྗོངས་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་114ལྷག་ཙམ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རྒྱལ་ཁབ་གློག་དྲ་ཀུང་སིས་སྒྲིག་འཛུགས་བྱས་ནས“2021ལོ་ནས་2023ལོ་བར་གྱི་ཆུ་ཚོད་ཆན་ཝ་དུང་ཕྱུར་61གི་བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་གཏོང་སྒྲོམ་གཞིའི་གྲོས་མཐུན”བཞག་པ་དང་། བོད་ཀྱི་ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མས་ཡཱ་ཀྲུང་དང་། ཧྲའོ་དབྱི། ཆིང་ཡུས། ལིང་ཧྲའོ་སོགས་མཐོ་གནོན་ཐད་རྒྱུག་མང་པོ་བརྒྱུད་ལོར་དབུས་ཤར་ས་ཁུལ་གྱི་ཞིང་ཆེན(གྲོང་ཁྱེར)11ཏུ་གློག་འདྲེན་གཏོང་བྱས་ཡོད། གྲོས་མཐུན་དེ་ནི་མིག་སྔར་བོད་གློག་ཕྱིར་གཏོང་གི་གན་རྒྱ་བཞག་པའི་འཇོག་གཞི་ཁྱོན་ཆེ་ཤོས་དང་། དཔལ་འབྱོར་གྱི་ཕན་འབྲས་ཆེ་ཤོས། ལོ་འཁོར་གྱི་བོད་གློག་སྤྱོད་མཁན་ཞིང་ཆེན་མང་ཤོས་བཅས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཞིག་ཡིན་པས། དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་ཚད་ལྡན་རྡོ་སོལ་ཏུན་ཁྲི་183གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་608འབུད་ཉུང་དུ་བཏང་ནས་སྔོན་དཔག་བྱས་ན་རང་ལྗོངས་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་16ཙམ་བྱུང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།