ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་གསོ་རིག་སློབ་ཆེན་གྱིས“སྒྲིག་བརྩི་ཁྲིམས་སྲུང་རང་ཉིད་ནས་མགོ་རྩོམ་དགོས”ཞེས་པའི་ཆེད་དོན་ཁྲིམས་ལུགས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་གཞོན་ལོ་ཆུང་ཚོའི་ཁྲིམས་སྐྱོང་སློབ་གསོ་ལ་ཤུགས་སྣོན་བརྒྱབ་ནས། ན་གཞོན་སློབ་མ་ཚོའི་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་གྱིས་བོད་ལྗོངས་གསོ་རིག་སློབ་ཆེན་དུ“སྒྲིག་བརྩི་ཁྲིམས་སྲུང་རང་ཉིད་ནས་མགོ་རྩོམ་དགོས”ཞེས་པའི་ཆེད་དོན་ཁྲིམས་ལུགས་སྒྲོག་འགྲེལ་བྱ་འགུལ་སྤེལ།

3.jpg

འདི་ནི“སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་དེ་རང་ཉིད་ནས་མགོ་རྩོམ་དགོས”ཞེས་པའི་བྱ་འགུལ་ཡུལ་དངོས་རེད།

སྒྲོག་འགྲེལ་བྱ་འགུལ་གྱིས་གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་དང་། བཙན་གཡེམ་ཉེས་བཟོ། སློབ་རའི་དངུལ་བུན་མགོ་སྐོར་སོགས་ཀྱི་ཁྲིམས་ལུགས་ཤེས་བྱ་བརྒྱུད་དེ་དྲིལ་སྒྲོག་བྱས་པ་དང་། དེ་དང་ཆབས་ཅིག་ཏུ་སློབ་མ་ཚོས་བཏོན་པའི་གློག་འཕྲིན་མགོ་གཡོག་མགོ་སྐོར་དང་ནག་འཇོམས་ངན་སེལ་སོགས་ཀྱི་གནད་དོན་ལ་ལན་བཏབ་པ་མ་ཟད། ཁྲིམས་སྐྱོང་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་དངོས་རྫས་སྤྲད།

4.jpg

   འདི་ནི་བྱ་འགུལ་ཡུལ་དངོས་སུ་ལས་དོན་མི་སྣས་སློབ་མ་ཚོར་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པའི་ཚུལ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དགེ་སློབ་ཚོའི་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་བ་མ་ཟད། བདེ་འཇགས་དོགས་ཟོན་ནུས་པ་མཐོ་རུ་བཏང་ནས། བདེ་ཐང་དང་བདེ་འཇགས། དཔལ་ཡོན། འཆམ་མཐུན་གྱི་སློབ་རའི་ཁོར་ཡུག་བསྐྲུན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།