ཀྲུང་གོ་བོད་ཀྱི་དྲ་བ།

བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པ”སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་བའི་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

未命名_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པ”སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་བའི་ཡོན་གནས་སྤྲོད་པའི་མཛད་སྒོ་རྒྱལ་ས་པེ་ཅིན་གྱི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྡུས་པ་རེད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་རྙིང་མ་བ། ས་སྐྱ་བ། བཀའ་རྒྱུད་པ། བོན་ལུགས་བཅས་ཀྱི་དགེ་འདུན་པ62ཀྱིས་ལོ་ངོ་གསུམ་རིང་དཀའ་སྤྱད་འབད་བརྩོན་བྱས་ནས་སྦྱང་ཚན་ཡོངས་ལེགས་པར་གྲུབ་པ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭའི་མཐར་ཕྱིན་འཛིན་ཡིག་བླངས་ཡོད། ཐོབ་ཐང་ཞིབ་བཤེར་དང་རྩོད་གཞིའི་རྒྱུགས་ལེན། དཔྱད་རྩོམ་བགྲོ་གླེང་བཅས་ནན་མོ་བྱས་པ་བརྒྱུད། དགེ་འདུན་པ62ལ་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”ཡོན་གནས་ཐོབ་ཡོད།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་སྤྲུལ་སྐུ་ཡིས“མཐོ་རམས་པའི”ཡོན་གནས་ཐོབ་པའི་དགེ་འདུན་པར་ཡོན་གནས་ལག་ཁྱེར་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས“མཐོ་རམས་པའི”ཡོན་གནས་ཐོབ་པའི་དགེ་འདུན་པར་རྟེན་འབྲེལ་ཞུས།

未命名_副本2.jpg

“མཐོ་རམས་པའི”ཡོན་གནས་ནི་བོད་བརྒྱུད་ནང་བསྟན་གྱི་དེང་རབས་སློབ་གསོའི་ཡོན་གནས་མཐོ་ཤོས་ཡིན། མིག་སྔའི་བར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བསྡོམས་པས“མཐོ་རམས་པའི”ཡོན་གནས་ཐོབ་པའི་དགེ་འདུན་པ335སྐྱེད་སྲིང་བྱས་ཡོད་པ་དང་། དེ་དག་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་ཁྱབ་ཡོད། ཁོང་ཚོ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་གྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་ལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། 

བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཆོ་ག་གཞིར་བཟུང་། “མཐོ་རམས་པའི”ཡོན་གནས་རྒྱུགས་འབུལ་དགེ་འདུན་པ་དག་རྒྱུགས་ལེན་མ་བྱས་གོང་གཅིག་སྡུད་སྒོས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་ཕྱག་མཇལ་དུ་སོང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།