ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་དེ་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་དང་གཉེར་སྐྱོང་བྱེད་པོ་ཐོ་རྒྱག་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས། འདི་ལོ་ནི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པའི་ལོ་ཡིན་པ་དང་། ཞིབ་བཤེར་རྩིས་ལེན་བསུ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་ནི་མིག་སྔའི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བླང་བྱ་དང་ཡང་ཡང་བསྡུར་བ་དང་། རང་བཤེར་རང་བཅོས་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་རང་ངོས་ཀྱི་ཞན་ཆ་དང་སྐྱོན་ཆ་སེལ་བ་དང་། འཛུགས་གཏོད་ལས་དོན་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་བསམ་པའི་ཉམས་འགྱུར་བཟང་པོ་དང་ལས་ཀའི་གྲུབ་འབྲས་ཕུལ་བྱུང་ལ་བརྟེན་ནས་ཞིབ་བཤེར་རྩིས་ལེན་བསུ་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།