ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དང་ལས་གྲྭའི་བདེ་འཇགས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲིའི་རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དང་ལས་གྲྭའི་བདེ་འཇགས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུ་ཁོན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་ཡོན་ཧྲི་ཀྲང་ཐའོ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཚུའེ་ཕུང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་འགོག་གེགས་སེལ་ནི་མིའི་རིགས་འཚོ་གནས་འཕེལ་རྒྱས་ཀྱི་འགྱུར་མེད་ཀྱི་བརྗོད་གཞི་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཐུགས་ལ་བཅངས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་ལས་དོན་ཞིབ་ཕྲ་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།