ཀྲུང་གོ་བོད་ཀྱི་དྲ་བ།

སྣེ་གདོང་ཆུས་ཀྱིས་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པའི་སྒྲོག་འགྲེལ་འགྲན་བསྡུར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་གཞི་རིམ་གྱི་དོན་དངོས་དང་འཚམ་པའི་དགོས་མཁོ་འཚོལ་ཞིབ་ཧུར་ཐག་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་ཕལ་པའི་ཁྱིམ་དུ་ཁྱབ་པར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་། སྣེ་གདོང་ཆུས་ཀྱིས“དགོངས་པ་གསར་པ་ཐོས་བསམ་མྱོང་རྟོགས་དང་། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞི་རིམ་གྱི་རྐང་འཛིན་སྒྲོག་འགྲེལ་པའི་སྒྲོག་འགྲེལ་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་ཨུད་ཀྱི་རིམ་ཁག་ཏང་རྩ་འཛུཌ་ཀྱིས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་རྒྱ་ཁྱབ་བྱས་ནས་གཞི་རིམ་སྒྲོག་འགྲེལ་གྱི“བཅུ་སྤེལ”བྱེད་སྒོ་གསར་གཏོད་དང་ཁྱབ་གདལ་བཏང་ནས་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་། སྤེལ་རེས་དང་བགྲོ་གླེང་ཁྱོན་ཡོངས་ལ་ཁྱབ་པ། གཞི་རིམ་གྱི་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པ་བཅས་ཏན་ཏིག་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྣེ་གདོང་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་སྤེལ་རིང་། སྣེ་གདོང་ཆུས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་ནས་ཡོང་བའི་གཞི་རིམ་གྱི་རྐང་འཛིན་སྒྲོག་འགྲེལ་པ་10ཡིས་ཟུར་ཚད་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཐོག་ནས་སྣེ་གདོང་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ལུགས་མཚོན་པར་བྱས་པ་དང་། ལོ་བཅུའི་རིང་ཏང་གི་འགོ་ཁྲིད་འོག་སྣེ་གདོང་ཆུས་ལ་བྱུང་བའི་འཕོ་འགྱུར་ཆེན་པོ་མཚོན་པར་བྱས་ཡོད། ཚང་མས་སྤྲོ་སེམས་དེ་བས་ཆེ་བ་དང་། དཔའ་ངར་དེ་བས་ཆེར་སྐྱེད། དེ་བས་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས། དེ་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ལ་བརྟེན་ནས་དཀའ་ངལ་ལ་མི་འཛེམ་པར་འབད་འབུངས་ཡར་བརྩོན་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་སྣེ་གདོང་གསར་པ་མགྱོགས་མྱུར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།