ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཟླ་གསུམ་པར་མི་སེམས་ལྷག་པར་དྲོ། ལེ་ཧྥུང་སྙིང་སྟོབས་མ་ཉམས་རྒྱུན་དུ་གནས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་དང་བླངས་པས་རྒུ་རུམ་གྲོང་རྡལ་གྱི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་བུད་མེད་ལ་གཅེས་སེམས་ཁུག་མ་སྤྲོད་བཞིན་པ།

པར་འདི་ནི་དང་བླངས་པས་ལྷ་སའི་ཁྲོམ་གཞུང་དུ་གྲོང་མིར་རིན་མི་དགོས་པར་སྐྲ་བཞར་བཞིན་པ།

པར་འདི་ནི་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་དང་བླངས་པས་དུད་ཚང་དུ་བསྐྱོད་དེ་རྒན་རྒོན་ལ་ལྟ་རྟོག་བྱེད་བཞིན་པ།

པར་འདི་ནི་དང་བླངས་པས་ལྷ་སའི་ཁྲོམ་གཞུང་དུ་རིན་མི་དགོས་པར་གྲོང་མིར་རྐང་པའི་སེན་མོ་འབྲེག་བཞིན་པ།

པར་འདི་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྨན་དོན་དང་བླངས་པས་མང་ཚོགས་ལ་སྨན་སྦྱིན་གཏོང་བཞིན་པ།

པར་འདི་ནི་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་གྲོང་ཁྱེར་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་མཉམ་དུ“གཞོན་ནུས་དང་བླངས་ཞབས་འདེགས་ཞུས་ནས་གཞི་རིམ་དུ་བྱས་རྗེས་འཇོག་པའི”2023ལོའི་ལེ་ཧྥུང་ལ་སློབ་སྦྱོང་གི་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་དང་བླངས་པར་དར་ཆ་སྤྲོད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལེ་ཧྥུང་སྙིང་སྟོབས་དར་སྤེལ་བཏང་ནས“ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་ལག་ལེན་བསྟར་ཆེད། ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཁག་གིས་སྤྱི་ཟླ་3པར་ལེ་ཧྥུང་ལ་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

གཞོན་ནུ་དང་བླངས་པ་རྣམས་དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ལེ་ཧྥུང་ལ་སློབ་སྦྱོང་གི་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་པ་དང་། ཤེས་དཔལ་དང་ཞི་མཐུན་གྱི་ཡུལ་སྐོར་ཁོར་ཡུག་བཏོད་དེ“ཤེས་དཔལ་ལ་སྣང་ཆེན་བྱེད་པའི”ལག་ལེན་པ་ཞིག་བརྩོན་ལེན་བྱ་ཆེད། གྲོང་ཁྱེར་སྡེ་ཚོགས་ཨུ་ལྷན་དང་གྲོང་ཁྱེར་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་ནུབ་རྒྱུད་འཆར་གཞི་དང་ཀྲུང་གོ་རྡོ་སྣུམ་གཞོན་ནུ་དང་བླངས་ཞབས་ཞུའི་རུ་ཁག་གི་དང་བླངས་པ་ཁྱོན་31སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ“ཤེས་དཔལ་ལ་སྣང་ཆེན་གྱིས་སྲོལ་གསར་གཏོད་པའི”ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། དང་བླངས་པའི་རུ་ཁག་གཅིག་གིས་སྟོད་གོས་དམར་པོ་གྱོན་ནས་ཡ་རབས་གུས་སྲོལ་སློབ་པ་དང་ཆབས་ཅིག ཡུལ་སྐོར་བར་ལམ་སྟོན་པ་དང་གནད་དོན་སྣ་ཚོགས་ལ་ལན་བརྒྱབ་པ་རེད། དང་བླངས་པའི་རུ་ཁག་གཞན་ཞིག་གིས་ཕྱག་མ་དང་། འཇབ་ཙེ། གད་སྙིགས་བླུག་སྣོད་སོགས་ཁྱེར་ནས་སྤང་ལྗོངས་ལ་གཙང་སྦྲ་བྱས་ཏེ་ས་སྟེང་གི་ཤིང་ཏོག་པགས་པ་དང་། ཐ་མག་ཕྲུག་ལྷག འགྱིག་དམ་སོགས་གད་སྙིགས་བསྒྲུགས་པ་རེད། ཚང་མས་གཙང་བཙོག་ལ་མ་བལྟོས་པ་དང་ངལ་དུབ་ཁྱད་བསད་ཀྱིས་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་བཏང་བ་རེད།

ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། དང་བླངས་པ་1100ལྷག་ཙམ་གྱིས་ཁྲོམ་གཞུང་དང་སྲང་ལམ་དང་མང་ཚོགས་ཀྱི་ཁྱིམ་དུ་གཙང་སྦྲ་བྱེད་པ་དང་། རྒན་བཀུར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་ནས་མང་ཚོགས་མི་ཐེངས་8500ལྷག་ཙམ་ལ་ཞབས་འདེགས་ཞུས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དང་བླངས་ཞབས་ཞུའི་སྙིང་སྟོབས་ལག་ལེན་བསྟར་ཏེ་དུས་རབས་གསར་པར་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་དེ་བས་ཡག་པོ་བཏང་བ་རེད།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་སྤེལ་བའི“ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་གཉིས་བཀུར་གླིང་ཁ་་མཉམ་དུ་བསྐྲུན་པའི”ཟླ་གསུམ་པར་ལེ་ཧྥུང་ལ་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ། སྤྱི་ཚོགས་གཞོན་ནུ་སོགས་ལས་ལ་བྲེལ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པས་ཕན་ཚུན་རོཌ་རམ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། “གཉིས་བཀུར་གླིང་ཁ”ཡི་སྡོང་ཕྲུག་འཚར་སྐྱེས་ཡག་པོ་བྱུང་ནས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། ད་དུང་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་ཞིག་ཀྱང་ཆགས་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པ་དང་ལྗང་མདོག་མཛེས་སྡུག་ལྡན་པའི་ཆུ་ཤུར་སྐྲུན་པར་མཉམ་དུ་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།

ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་ཟླ་བའི་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུས་ཡུན་ཟླ་གཅིག་གི་2023ལོའི་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་རུ་ཁག་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཡ་རབས་འགྲིམ་འགྲུལ་ལ་ཁྲིད་སྟོན་དང་། ཚན་རིག་ཁྱབ་གདལ། ཁོར་ཡུག་སྲུང་སྐྱོང་། རིག་རྩལ་འཁྲབ་སྟོན། འཕྲོད་བསྟེན་བདེ་ཐང་། འཕྲལ་སྡོམ་རོགས་སྐྱོབ། བཅའ་ཁྲིམས་བློ་འདྲི། རིན་མེད་པར་ལེན། རིན་མེད་སྐྲ་བཞར་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། གྲོང་རྡལ(ཁྲོམ་གཞུང)ཁག་གིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འོས་འགན་ནད་བརྟག་སྨན་བཅོས་དང་། གད་བདར་ཆེན་པོ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། མི་ཧྲེང་རྒན་རྒོན་དང་དྭ་ཕྲུག་ལ་གཅེས་སྐྱོང་སོགས་ཀྱི་གཅིག་སྡུད་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།