ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི400ལྷག་སྐྲུན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230329397984229660.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས“ས་ཞིང་གྲུ་བཞི་ཅན་དང་ནགས་ཚལ་དྲ་བ་ཆགས་པ། ཆུ་ཡུར་འབྲེལ་བ། གཞུང་ལམ་གཅིག་འབྲེལ། ཐན་སྐམ་བྱུང་ན་ཞིང་ཆུ་འདྲེན་པ། ཞོད་ཆུ་གཙང་འབུད”ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་། ཞིང་སའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ལས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་བཏང་ཡོད། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། 2023ལོའི་ཟླ3པའི་བར་ལྗོངས་ཡོངས་སུ་བསྡོམས་པས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི400ལྷག་སྐྲུན་ཡོད།

བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ཞིང་ས་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱིན་ཀའོ་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱས་རྗེས། ས་ཁོངས་ཀྱི་རྨོ་འདེབས་སྤུས་ཚད་རིམ་པ་གཅིག་འཕར་རྒྱུ་ཡིན་པ་དང་རྨོ་འདེབས་བསྡུ་ལེན་སོགས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་བརྒྱ་ཆའི་གྲངས15ཡན་ཇེ་མཐོར་སོང་ལ། གསར་སྐྲུན་བྱས་པའི་ཚད་གཞི་མཐོ་བའི་ཞིང་སའི་འབྲུ་རིགས་ཐོན་ཚད་མུའུ་རེ་ཆ་སྙོམས་སྟོང་ཁེ25ཡན་ཟིན་པ་དང་། བསྒྱུར་བཀོད་རིམ་སྤོར་བྱས་པའི་ཚད་གཞི་མཐོ་བའི་ཞིང་སའི་འབྲུ་རིགས་ཐོན་ཚད་མུའུ་རེ་ཆ་སྙོམས་སྟོང་ཁེ20ཡན་དུ་སླེབས་ཡོད། མུའུ་རེའི་ལུད་རྫས་གྲོན་ཆུང་དང་ལུད་རྫས་གྲོན་ཆུང་བྱུང་ཚད10%ཡན་དུ་ཟིན་ནས་ཞིང་སྨན་རྫད་ལུད་བེད་སྤྱོད་ཀྱི་ལས་ཕྱོད་ནུས་ལྡན་སྒོས་ཇེ་མཐོར་གཏོང་བ་དང་ཞིང་ལས་ངོས་ཀྱི་སྦགས་བཙོག་ཇེ་ཉུང་དུ་བཏང་ཡོད། 

W020230329397984227287.jpg

རྗེས་མར། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་སྡེ་ཁག་གིས་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པ། དགུན་དཔྱིད་དུས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་མཚམས་མི་འཇོག་པའི་བླང་བྱ་གཞིར་བཟུང་སྟེ། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་གིས་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་དངོས་ལས་དོན་གྱི་ཚད་དང་མ་དངུལ་གཏོང་འགྲོའི་འཕེལ་རིམ་ཇེ་མགྱོག་སུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་རྣམ་གྲངས་སྔ་མོ་ནས་ལེགས་པར་འགྲུབ་པ་དང་ཕན་འབྲས་མངོན་པར་འགན་ལེན་ཏན་ཏིག་བྱས། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཐད། གཞིས་ཀ་རྩེ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་སོགས་གྲོང་ཁྱེར་གསུམ་གྱི་ལས་གཞིའི་སྣང་བརྙན་འཕེལ་རིམ90%ཡན་ལས་བརྒལ་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་ལས་གཞིའི་སྣང་བརྙན་འཕེལ་རིམ80%ལས་བརྒལ་ཡོད།

2023ལོའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་རྣམ་གྲངས་གྲོང་ཁྱེར6དང་རྫོང་ཆུས42དང་འབྲེལ་བ་ཡོད་ལ། གསར་སྐྲུན་ལས་འགན་མུའུ་ཁྲི21དང་བསྒྱུར་བཀོད་རིམ་སྤོར་མུའུ་ཁྲི39ཟིན་ཡོད། དབྱིན་ཀའོ་ཝེ་ཡིས་ད་ལོའི་ལོ་འཁོར་ནང2023ལོའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་ལེགས་པར་འགྲུབ་པ་བརྩོན་ལེན་བྱ་རྒྱུ་ཡིན་ལ། མིག་སྔར་གྲོང་ཁྱེར6གིས་རྣམ་གྲངས་ཀྱི་གནས་ཡུལ་འདེམས་པའི་ལས་དོན་ལེགས་པར་འགྲུབ་པ་དང་རིམ་བཞིན་སུས་འཇོག་དེ་འགུག་དང་སུ་འཇོན་དེ་ལེན། ལས་མགོ་བསྐྱར་ཚུགས་ཀྱི་མཚམས་སུ་སླེབས་ཡོད་ཅེས་བསྟན། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།