ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་གནས་བསགས་འབྲུ་ལོ་རྒྱུས་ཀྱི་ཡང་རྩེར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ལས་དོན་ཚོགས་འདུ་ཐོག་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་བོད་ལྗོངས་ས་གནས་བསགས་འབྲུ་གཞི་ཁྱོན་ལོ་རྒྱུས་ཀྱི་ཡང་རྩེར་སླེབས་པས། རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ལས63%གྱིས་འཕར་སྣོན་བྱུང་ཞིང་། བཟའ་འབྲུ་མཁོ་སྤྲོད་འགན་སྲུང་ཉིན་གྲངས2021ལོའི་ལོ་མཇུག་གི་ཉིན110ནས་ཉིན147ཟིན་ཡོད་པས་གསོག་འཇོག་དངོས་ཤུགས་མངོན་གསལ་ཀྱིས་ཆེ་རུ་ཕྱིན་ཡོད།

རྒྱུས་ལོན་པ་ལྟར་ན། 2022ལོར་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལོ་སྟོད་ཀྱི་འབྲུ་རིགས་གསོག་འཇོག་ཏུན3.57བྱེད་པའི་ཇུས་གཞི་བཏོན་པ་དང་། དེས་ཉེན་ཁ་འགྲན་སློང་དོགས་ཟོན་དང་ཁ་གཏད་པར་རྨང་གཞི་བརྟན་པོ་བཙུགས་པ་རེད། བོད་ལྗོངས་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་སོ་སོ་མཉམ་ལས་མཉམ་འགུལ་དང་། བོད་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་དང་། སྤྱི་ཡོངས་སྙོམ་སྒྲིག་དང་ཞིབ་བཤེར་སྐུལ་འདེད་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཚན་གྱིས་གསོག་དངུལ་སྒོར་དུང་ཕྱུར2.05ལག་བསྟར་བྱས་ཤིང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ལྗང་མདོག་བགྲོད་ལམ”ཕྱེས་ནས་འབྲུ་རིགས་གསོག་འཇོག་ཉོ་སྒྲུབ་དངུལ་བུན་སྒོར་དུང་ཕྱུར་གཅིག་བཏང་བ་དང་། རིམ་པ་སོ་སོའི་འབྲུ་རིགས་གསོག་འཇོག་སྡེ་ཚན་གྱིས་གསོག་འཇོག་ལས་དོན་ཆེད་ལས་ཚན་ཆུང་བཙུགས། གཞན་ཡང་གྲོང་ཁྱེར་དང་ས་ཆ་སོ་སོ། རྫོང་དང་ཆུས་སོ་སོས་འབྲུ་རིགས་ཉོ་སྒྲུབ་དཀའ་བའི་དུས་ཚིགས་སུ་ཞིང་བས་འབྲུ་རིགས་འཚོང་མི་འདོད་པའི་གནད་དོན་སོགས་སེལ་ནས། ཡུལ་དངོས་སུ་སོང་ནས་འོས་འགུགས་ཉོ་སྒྲུབ་དང་ཉོ་སྒྲུབ་གསར་སྐྲུན་སོགས་ཀྱི་རྒྱུན་ལྡན་ལས་བརྒལ་བའི་བྱེད་ཐབས་བརྒྱུད་དེ་འབྲུ་རིགས་གསོག་འཇོག་འབྱུང་ཁུངས་མང་དུ་བཏང་བས། གཏན་འཁེལ་དུས་ཚོད་ནང་ཚད་ལས་བརྒལ་ཏེ་འབྲུ་རིགས་གསོག་འཇོག་ལས་འགན་འགྲུབ་ཅིང་གསོག་འཇོག་ཚད་ཏུན3.87ཟིན་ནས། བོད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཆ། རྫོང་དང་ཆུས་བཅས་ཀྱི་རིམ་པ་གསུམ་གྱི་འབྲུ་རིགས་གསོག་འཇོག་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱས།

བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཅུའུ་ཀྲང་ཞུའུ་ཧའེ་ཡིས། “2023ལོར། བོད་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་གསོག་འཇོག་ལས་ཁུངས་ཀྱིས་བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གིས་འབྲུ་རིགས་ལས་དོན་ཐད་བཏོན་པའི་བཀོད་འདོམས་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་གི་བཀོད་སྒྲིག་བཞིན། བརྟན་བརླིང་གཙོ་བོར་འཛིན་པ་དང་། བརྟན་བརླིང་ཁྲོད་མདུན་དུ་བསྐྱོད་དེ་ཉེན་ཁ་དོགས་ཟོན་ལ་ཁ་གཏོད་པ་དམིགས་ཚད་དུ་བཟུང་ནས། འབྲུ་རིགས་གསོག་འཇོག་སྲ་བརྟན་དུ་གཏོང་བའི་རྣམ་པ་གསར་པ་རྒྱ་བསྐྱེད་རྒྱུ་ཡིན”ཞེས་བསྟན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།