ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲིའི”ཁམ་བུའི་མེ་ཏོག་གྲོང་ཚོའི”གཏམ་རྒྱུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་སྟེ། ཁམ་བུའི་མེ་ཏོག་གི་གསེབ་དུ་ཆགས་པའི་གྲོང་ཚོ་ཆུང་ཆུང་འདིས་ལོ་གཅིག་གི་ནང་ཆེས་དགའ་སྐྱིད་ལྡན་པའི་དུས་ཚིགས་བསུས་ཤིང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་བསུས་ནས“གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད”དུ་མཉམ་འཛོམས་བྱུང་།

8.jpg

ཁམ་བུའི་མར་ཏོག་རབ་ཏུ་བཞད་པའི་ཀ་ལ་གྲོང་ཚོ།

ཞོགས་པར། ཡུལ་སྐོར་པ་མང་པོ་ཞིག་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལ་བལྟ་རུ་ཡོང་བ་དང་། ཡུལ་སྐོར་པ་ཤིན་ཏུ་མང་བས་ས་སྲོད་དུས་སུའང་ཡར་མར་རྒྱུ་བའི་རླངས་འཁོར་རྒྱུན་ཆད་མེད་པ་རེད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་བལྟ་ཆེད། ཀོས་ཀྲོའུ་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་པ་མི་བདུན་གྱིས་ཆེད་དུ་སྒེར་འཁོར་བསྐོར་ནས་སྤྱི་ལེ2000བརྒྱུད་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཡོང་བ་རེད། 

སྤྲོ་སེམས་རབ་ཏུ་འཁོལ་བའི་ཟླ་བ་རྒྱལ་མཚན་གྱིས་མགྲོན་པོ་ཡོང་བ་མཐོང་ཚེ། མྱུར་དུ་ཕྱུར་ར་དང་ཤ་སྐམ་གྱིས་མགྲོན་པོ་བསུས་ཤིང་། ཁོས་ཕྱོགས་གཅིག་ནས་མངར་ཇ་འདྲེན་པ་དང་། ཕྱོགས་གཅིག་ནས་ཀ་ལ་གྲོང་ཚོའི་གནས་ཚུལ་ཁོ་ཚོར་ངོ་སྤྲོད་བྱས།    

 “ང་ཚོ་གྲོང་ཚོའི་སྒོ་ཁ་ཕྱི་ནང་དང་ཞིང་ཁར་རི་སྐྱེས་ཁམ་སྡོང1200ལྷག་སྐྱེས་ཡོད་པ་དང་། ཁམ་སྡོང་གི་ལོ་ཚད་ཆེས་རིང་བ་ལོ600ལ་སླེབས་པ་རེད། མེས་པོ་ཚོས་བཞག་པའི་‘ཁམ་བུའི་མེ་ཏོག་གླིང’དེ་ད་ལྟ་ཡུལ་སྐོར་གནས་མཆོག་ཏུ་གྱུར་བས། ང་ཚོའི་གྲོང་ཚོར་ཡུལ་སྐོར་བྱེད་དུ་ཡོང་མཁན་སྔར་ལས་ཇེ་མང་དུ་སོང་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱི་གདོང་དུ་དགའ་སྤྲོས་ཁེངས་ནས་དེ་ལྟར་བཤད།  

9.jpg

ཡུལ་སྐོར་པ་ཚོ་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་དུ་ཡུལ་སྐོར་བྱེད་བཞིན་པ།

ད་ལྟ་ལོ39ལོན་པའི་ཟླ་བ་རྒྱལ་མཚན་གྱིས་རང་གི་ཉམས་མྱོང་དངོས་ཀྱིས་ཀ་ལ་གྲོང་ཚོའི་འཕོ་འགྱུར་ལ་བདེན་དབང་བྱས་པ་རེད།

ཀ་ལ་གྲོང་ཚོས་ཁྲོན་བོད་གཞུང་ལམ་དང་འབྲེལ་བའི་ས་ཁམས་ལེགས་ཆར་བརྟེན་ནས། ཟླ་བ་རྒྱལ་མཚན་ཡང་འཕེལ་རྒྱས་ཀྱི་བགྲོད་ལམ་ནང་ཞུགས་ཐུབ་པར་གྱུར། ཁོ་རང་ཐོག་མའི་འགྲུལ་སྐྱེལ་རླངས་འཁོར་སྐོར་བ་ནས་རྗེས་སུ་བཟོ་སྐྲུན་སྐྱེལ་འདྲེན་རླངས་འཁོར་སྐོར་མཁན་ཞིག་ཏུ་གྱུར་ནས། ལོ་ངོ་བཅུ་ཡི་རིང་ཁོས་རླངས་འཁོར་ཆེ་ཆུང་བདུན་བརྗེ་ཞིང་། སྔོན་ཆད་ཀྱི་མགྲོན་འཁོར་ཆུང་བ་ད་ལྟ་ཟོང་འཁོར་ཆེན་པོ་ཞིག་ཏུ་བརྗེས་ཡོད། 

རིམ་བཞིན་མི་མང་པོ་ཞིག་ཟླ་བ་རྒྱལ་མཚན་དང་འདྲ་བར་རླངས་འཁོར་རྒྱུག་པ་དང་། ཟ་ཁང་གཉེར་བ། ཁྱིམ་ཚང་མགྲོན་ཁང་གཉེར་བ་སོགས་ཀྱི་ལས་ཀ་བསྒྲུབས་ཏེ། ཀ་ལ་གྲོང་ཚོའི་གྲོང་མི་དག་གིས་འཕེལ་རྒྱས་ཀྱི་གོ་སྐབས་ཡོངས་སུ་དམ་འཛིན་བྱས།

 “ལོ་འདི་དག་གི་རིང་ལ། ཁམ་བུའི་མེ་ཏོག་དུས་ཆེན་མིང་དུ་གྲགས་པས། ང་ཚོའི་གྲོང་ཚོ་ཀྱང་དེར་བརྟེན་ནས་མིང་དུ་གྲགས་པས། སྔོན་གྱི་ལོ་གཉིས་ལ་གྲོང་ཚོ་ཡིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི17སྣེ་ལེན་བྱས་པ་དང་། ད་ལོར་ཡུལ་སྐོར་པའི་ཡོང་འབབ་མཐོ་རིམ་གསར་བར་ཐོན་རྒྱུ་རེད”ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།

ཉེ་བའི་ལོ་འགའི་རིང་། ཀ་ལ་གྲོང་ཚོས་གནས་བབ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ཞིང་། སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་། ས་ཞིང་སྐོར་རྒྱུག་བྱས་པ་བཅས་ཀྱིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རིམ་བཞིན་རྒྱ་ཇེ་ཆེར་སོང་ཡོད། “ད་ལྟ་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་སྔར་ལས་དམིགས་ས་ཡོད་པར་གྱུར་པས། ང་ཚོས་སྲིད་ཇུས་ཀྱི་ཁེ་ཕན་དང་དམ་དུ་སྦྲེལ་ནས་མང་ཚོགས་ཀྱི་འཚོ་བ་ཡང་སྔར་ལས་བདེ་སྐྱིད་ལྡན་པར་གྱུར། ན་ནིང་གྲོང་ཚོའི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི1206ཟིན་ནས། མི་རེའི་ཆ་སྙོམས་བེད་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3.59ཟིན་ཡོད”ཅེས་སྐལ་ལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པ་ཡིས་དེ་ལྟར་བཤད། 

10.jpg

ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཀ་ལ་གྲོང་ཚོ།

“སྨན་མཛོད”སྨན་གླིང་ནས“སྤུ་རྒྱལ་གྱི་འཁྲུངས་ཡུལ”སྤོ་བོ་སྟེ། མུ་མཐའ་བྲལ་བའི་སྤྱི་ལེ་བརྒྱ་ཕྲག་གི་ཁམ་སྡོང་སྡོང་རྐང་ཁྲི300ཡི་ཁམ་བུའི་མེ་ཏོག་རི་ཀླུང་ཀུན་དུ་བཞད་པས། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ཡུལ་སྐོར་པ་མང་པོ་ཞིག་བསུས་པ་རེད།

ཁམ་བུའི་མེ་ཏོག་ལ་བརྟེན་ནས་ཉིང་ཁྲིའི་ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བཞིན་པའི་ཡུལ་སྐོར་ལས་རིགས་རིམ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་འཛིན་ལུང་གཙོ་བོར་གྱུར།  2022ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི658སྣེ་ལེན་བྱས་ནས། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར56.64ཟིན་པ་རེད།

 ཟླ3པའི་ཚེས28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ64འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་ཡིན་ལ། དཔྱིད་ཀའི་མེ་ཏོག་གིས་བརྒྱན་པའི་ཀ་ལ་གྲོང་ཚོའི་གྲོང་མི་ཚོས་ལས་བརྩོན་དང་བློ་རིག དྲིན་ཤེས་བཅས་ཀྱིས་དཔྱིད་ཀའི་གཏམ་རྒྱུད་རྩོམ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།