ཀྲུང་གོ་བོད་ཀྱི་དྲ་བ།

རླབས་ཆེན་དུས་རབས་ཀྱི་བཀའ་དྲིན་དྲན་བཞིན་དུ་མདུན་སྐྱོད་ཀྱི་སྟོབས་ཤུགས་ལེན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བ།

ཡུལ་ལུང་ཀུན་ཏུ་གླུ་ལེན་གར་འཁྲབ་བྱེད་པའི་དུས་འདིར། ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བའི་དྲན་གསོའི་ཉིན་མོ་བསུས། ལོ་64ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་བརླགས་པ་དང་། ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་པ། བོད་རྙིང་པའི་སྤྲིན་ནག་ཡོངས་སུ་བསལ་བ། “འཛམ་གླིང་གི་ས་བབ་མཐོ་ཤོས་སུ་གནས་ཀྱང་འཛམ་གླིང་གི་གནས་བབ་དམའ་ཤོས་སུ་འཚོ་བཞིན་པའི”ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ནས་གངས་ལྗོངས་ས་མཐོར་འཛམ་གླིང་གསར་པའི་སྐྱ་རེངས་བསུས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བ་དང་། ཆེས་གཏིང་ཟབ་པ། ཆེས་རླབས་ཆེ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་འདིས་ཆེས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་དང་། བོད་རྙིང་པའི་ཞལ་ལྕེ་དང་དེའི་གདུག་རྩུབ་ཆེ་བའི་ཁྲིམས་ཆད་རྩིས་མེད་དུ་བཏང་བ། ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་མི་ལུས་གཞན་རྟེན་བྱེད་པའི་འབྲེལ་བ་མེད་པ་བཟོས་པ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་རྩ་མེད་དུ་བཏང་བ། བོད་ཀྱི་མི་དམངས་ལོ་ངོ་སྟོང་རིང་བྲན་དུ་བཀོལ་བའི་ལྕགས་སྒྲོག་ལྕི་པོ་རྩ་གཏོར་བཏང་བ་བཅས་ལས་ཞིང་བྲན་ཁྲི་ཚོ་བརྒྱར་རང་དབང་དང་ལ་རྒྱ་ཐོབ་པ། སྤྱི་དམངས་ལ་ཁེ་དབང་སྣ་ཚོགས་ཐོབ་ནས་རྒྱལ་ཁབ་ཀྱི་བདག་པོ་དང་བོད་ཀྱི་བདག་པོར་དངོས་འབྲེལ་གྱུར། བོད་ཀྱི་ལོ་རྒྱུས་དུས་དེ་ནས་བཟུང་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། དེ་ནི་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་དང་རྒྱལ་སྤྱིའི་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་བཏང་ཡོད།

ལོ་64ཡི་འཕོ་འགྱུར་ཆེན་པོའི་ཁྲོད་ཏང་གི་བཀའ་དྲིན་རི་བོ་ལས་ཀྱང་མཐོ། ལོ་64ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་ཀྱིས་བོད་ལྗོངས་འཛུགས་སྐྲུན་དང་བོད་འཕེལ་རྒྱས་བཏང་སྟེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་འབད་འཐབ་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་ཁུར་གཟབ་བཞེས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱུག་པོ་ཆགས་དཀའ་བ་དང་། འགྲོ་སྐྱོད་དཀའ་བ། འཐུང་ཆུ་དཀོན་པ། གློག་དཀོན་པ། འཕྲིན་གཏོང་དཀའ་བ། དྲོད་ལེན་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ། སྨན་པ་དཀོན་པ། རྒན་གསོ་དཀའ་བ། མཐའ་མཚམས་འཕེལ་རྒྱས་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་མདུན་སྐྱོད་ལམ་བུར། བོད་གསར་རྙིང་གི་གྲངས་གཞི་རེ་རེ་དང་བྱ་གཞག་རེ་རེ་བསྡུར་བ་ལས་ཀྲུང་གོ་གུང་ཁྲན་ཏང་ནི་ནམ་ཡང་ཡིད་ཆེས་བྱེད་རིན་ཡོད་པ་དང་རྗེས་སུ་འབྲང་རིན་ཡོད་པའི་ཡང་དག་པའི་བརྟེན་ས་འབའ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཡང་དག་པའི་འགྲོ་ལམ་འབའ་ཞིག་ཡིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་གདམ་ག་འབའ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བས་ང་ཚོར་མཐུན་སྒྲིལ་འབད་འཐབ་ཀྱི“སྲོག་ཤིང”དང་རླུང་རླབས་ལ་ཁ་གཏད་གཅོག་པའི“རྒྱ་མིག”བྱུང་ཡོད་པ་དོན་དངོས་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། དུས་རབས་གསར་པའི་རྒྱང་ལམ་གསར་པར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། “དམ་འཛིན་བྱ་གཞི་ཆ་བརྒྱད”ལ་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་། བྱེད་ནུས་གཞན་སྒྱུར། སྤུས་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་ཡག་པོ་སྲུང་བ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ“ཡོད་མེད”དེ“ཡག་ཉེས”ཕྱོགས་སུ་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་བསྟར་གཏིང་ཟབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བཅས་བྱས་ནས། ཐུན་མོང་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཧུར་ཐག་སྐྱོད་དགོས།

རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རྒྱུག་མཐུད་དབྱུག་པ་ང་ཚོ་མི་རབས་འདིས་ལེན་དགོས། དུས་རབས་གསར་པའི་ཉི་འོད་བསུ་བཞིན་གངས་ལྗོངས་ས་མཐོར་སྐྱེ་སྟོབས་དང་། སྤྲོ་སྣང་། བདེ་སྐྱིད་བཅས་ཀྱི་རྣམ་པས་ཁེངས་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ངར་སེམས་ཆེར་སྐྱེད་དང་། ཞུམ་མེད་མདུན་སྐྱོད། འབད་འབུངས་ལྷོད་མེད་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆགས་ཉམས་ལྡན་གྱི་མདུན་ལམ་ལ་ཕྱོགས་ནས་ཟམ་མི་ཆད་པར་ལོ་རྒྱུས་གསར་པ་གཏོད་པ་དང་འབྱུང་འགྱུར་གསར་པའི་ཕྱོགས་སུ་སྐྱོད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།