ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང3ཇེ་མང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང3འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། དེའི་ནང་བོད་ལྗོངས་སློབ་ཆེན་ལ་བརྟེན་ནས་སྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སྒང་ཁོར་ཡུག་ལས་གཞི་དང་སྦགས་བཙོག་ཚོད་འཛིན་གྱི་གཙོ་གནད་ཚོད་ལྟ་ཁང་གིས་མཐོ་སྒང་གི་བཙོག་ཆུ་གཙང་སེལ་དང་། ཆུའི་བདེ་འཇགས་འགན་ལེན་ལག་རྩལ་ལ་དམིགས་ཏེ། མཐོ་སྒང་གི་སྙིགས་རོ་ནུས་ཆེ་དང་བདེ་འཇགས་ངང་གཙང་སེལ་དང་དེ་བཞིན་སྐྱེ་དངོས་ཀྱི་བེད་མེད་དངོས་རོ་ཐོན་ཁུངས་ཅན་དུ་སྤྱོད་པའི་ལག་རྩལ་སོགས་ཀྱི་ཐད་ཞིབ་འཇུག་བྱ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་བརྟེན་ནས་སྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཚོད་ལྟ་ཁང་གིས་བོད་ལྗོངས་སུ་གསར་དུ་ཐོན་པ་དང་། གློ་བུར་དུ་ཐོན་པའི་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལག་རྩལ་ལ་གཙོ་གནད་དམིགས་ཏེ། བོད་ལྗོངས་སུ་གསར་དུ་ཐོན་པའི་འགོ་ནད་ཀྱི་ནད་རྐྱེན་གསལ་འབྱེད་དང་སྐྱེ་དངོས་རིགས་བརྒལ་ནས་འགོ་ཁྱབ་ལམ་སྲོལ་སོགས་ཀྱི་ཐད་ཞིབ་འཇུག་བྱ་རྒྱུ། བོད་ལྗོངས་ཞིང་ཕྱུགས་སློབ་གླིང་ལ་བརྟེན་ནས་སྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་བོད་ཕག་རྒྱུད་པ་ལེགས་བཅོས་དང་སྐྱེ་འཕེལ་ལས་གཞིའི་གཙོ་གནད་ཚོད་ལྟ་ཁང་གིས་བོད་ཕག་གི་འཕྲོད་མཐུན་རང་བཞིན་གྱི་འཕེལ་འགྱུར་ལམ་སྲོལ་དང་། བོད་ཕག་གི་རྒྱུད་འཛིན་ཐོན་ཁུངས་འགུལ་རྣམ་ཉར་ཚགས་དང་ནུས་པའི་གཞི་རྒྱུ་སྔོག་འདོན་ཞིབ་འཇུག་སོགས་ལ་དམིགས་ཏེ་ཞིབ་འཇུག་བྱ་རྒྱུ་བཅས་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་ནི་ས་ཁོངས་ཚན་རྩལ་གསར་གཏོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཆུ་ཚད་མཐོ་བའི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་སྒྲིག་འཛུགས། ཕུལ་བྱུང་གི་ཚན་རྩལ་ཤེས་ལྡན་མི་སྣ་བསྡུ་རུབ་གསོ་སྐྱོང་། ཆུ་ཚད་མཐོ་བའི་རིགས་གཞུང་སྤེལ་རེས། ཚན་ཞིབ་སྒྲིག་ཆས་སྔོན་ཐོན་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་རེད།

རྗེས་མར། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། ལེགས་འདེམས་དང་གཙོ་འདེམས། དགོས་མཁོ་ཆེ་བ་འདེམས་པ། ལས་གཞི་གཅིག་ལེགས་པར་འགྲུབ་ན་གསར་བའི་མགོ་ཚུགས་པ་སོགས་ཀྱི་རྩ་དོན་གཞིར་བཟུང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་རྒྱུ་རེད། མིག་སྔའི་བར་བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང39ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།