ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་གིས་ཕྱོགས་བཞིའི་ཡུལ་སྐོར་པ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8.jpg

ཁམ་བུའི་མེ་ཏོག་གི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

9.jpg

བདེ་ཆེན་དབང་མོས་རང་གི་ཟ་ཁང་དུ་མགྲོན་པོ་སྣེ་ལེན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཟླ3པར་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཚེས28ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོ་ཤང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པས་ཁེངས་ལ། དཔྱིད་ཀྱི་བསིལ་རླུང་འཇམ་པོས་མེ་ཏོག་གི་རྒྱ་མཚོ་དལ་གྱིས་བསྐྱོན་པ་དང་། གླུ་གར་དང་དགོད་སྒྲའི་ཁྲོད་བོད་ལྗོངས་ཉིང་ཁྲིའི་སྐབས་ཉི་ཤུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དངོས་སུ་མགོ་བརྩམས་པ་རེད།

བསྟུད་མར་ཉིན་འགའི་རིང་། རྒྱལ་ཡོངས་ས་ཆ་སོ་སོ་ནས་ཕེབས་པའི་ཡུལ་སྐོར་པ་མང་པོ་གནས་དེར་འཛོམས་ནས་ཁམ་བུའི་མེ་ཏོག་ལ་གཟིགས་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཡུན་ཟླ་གཅིག་ཙམ་ཡིན་པ་དང་། སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོ་དང་། སྤོ་མེས་རྫོང་ཁམ་བུའི་མེ་ཏོག་ལུང་པ་དང་ཀོང་པོ་རྒྱ་མདའ་རྫོང་སོགས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པས། ཡུལ་སྐོར་པས་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་ཞོར་དུ་དམངས་སྲོལ་ལུས་རྩལ་དང་ཚོན་ཁྲའི་ཤོག་སྦག་འཁྲབ་སྟོན། ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་ཉམས་སུ་མྱངས་ཆོག་པ་རེད།

བོད་ལྗོངས་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་འབོད་བཞིན་པའི་སྐལ་ལ་གྲོང་ཚོ་ཡིས་ཉེ་བའི་ལོ་འགའི་རིང་ཁམ་བུའི་མེ་ཏོག་ལ་བརྟེན་ནས་གྲོང་མི་ཚོའི་ཡོང་འབབ་འཕར་བ་དང་། སྔོན་གྱི་ལོ་གཉིས་ལ་སྐལ་ལ་གྲོང་ཚོས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི17སྣེ་ལེན་བྱས་པས། ཡུལ་སྐོར་ཡོང་འབབ་སྒོར་ཁྲི590ལྷག་མངོན་འགྱུར་བྱུང་ཞིང་། ཁྱིམ་རེར་ཆ་སྙོམས་ཀྱིས་སྒོར་ཁྲི13གྱི་ཁེ་ཕན་ཐོབ་པ་རེད།

10.jpg

ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་སྐལ་ལ་གྲོང་ཚོ།

ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ཞིང་། ཁམ་བུའི་མེ་ཏོག་དེ་ཡང་ཉིང་ཁྲི་གྲོང་ཁྱེར་གྱི་མིང་བྱང་ཞིག་ཏུ་གྱུར་ནས། ཉིན་རེར་དར་སྤེལ་བྱུང་བའི་ཡུལ་སྐོར་ལས་རིགས་ཀྱིས་ཉིང་ཁྲི་ཡིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ལེན་བྱེད་པར་སྔར་ལས་རམ་འདེགས་བྱས་ཡོད། 2022ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི658སྣེ་ལེན་བྱས་པས། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར56.64མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།