ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རླུང་འཕྲིན་དང་བརྙན་འཕྲིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ནན་ཏན་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་ཡོངས་ཀྱི་ལག་རྩལ་གསར་ཤོས་སྔོན་ལ་སྤྱད་དེ་རླུང་འཕྲིན་དང་བརྙན་འཕྲིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “བྱང་སྐར་སྤུན་བདུན་ཁྱིམ་ཚང་ཀུན་ལ་ཁྱབ་པའི”མ་ལག་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་འཐབ་ས་དང་པོའི་ས་ཚིགས་67དང་སྲིད་འཛིན་གྲོང་ཚོ་30ཡི་མང་ཚོགས་དུད་ཚང་5012སུ་ཁྱབ་གདལ་བཏང་ཡོད་ལ། བརྙན་འཕྲིན་ལེ་ཚན་ཡང་དེ་སྔའི་50ལྷག་ཙམ་ནས་ད་ལྟའི་140ལྷག་ཙམ་བར་མང་དུ་ཕྱིན་ཡོད།

“རིག་ལྡན་རླུང་འཕྲིན་བརྙན་འཕྲིན་གྱིས་སློབ་གསོར་རོགས་སྐྱོར་བྱེད་པའི”མ་ལག་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་23གྱི་འཛིན་གྲྭ་164ལ་སྤྱད་དེ“ལྷོ་ཁ་དང་པེ་ཅིང་སློབ་ཚན་མཉམ་དུ་འཚོཌ”ཐུབ་པ་བྱུང་ཡོད། ལྷོ་ཁའི“རིག་ལྡན་རླུང་འཕྲིན་བརྙན་འཕྲིན”ལས“བརྙན་འཕྲིན་ལྟ་བ”ནས“བརྙན་འཕྲིན་སྤྱོད་པའི”བར་གྱི་འགྱུར་ལྡོག་བྱུང་ཡོད།

ལྷོ་ཁ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་འཕྲལ་སྡོམ་རླུང་འཕྲིན་ལས་སྟེགས་607བསྐྲུན་པ་དང་། འཕྲལ་སྡོམ་རླུང་འཕྲིན་གྱི་མཐའ་སྣེ་5188བཙུགས་པ། “ལྷོ་ཁ་གྲོང་ཁྱེར་གྱི་འཕྲལ་སྡོམ་རླུང་འཕྲིན་བཀོད་འདོམས་ལྟེ་གནས”བཙུཌ་པ་བཅས་བྱས་ཏེ་འཕྲལ་སྡོམ་རླུང་འཕྲིན་མ་ལག་དེ་ལྷོ་ཁའི“ཟིལ་ཤུགས་ལྡན་པའི་སྨྱན་སྦྱོར”དུ་འགྱུར་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་རླུང་འཕྲིན་མ་ལག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལེ་ཚན་1600ལྷག་ཙམ་བཏང་བར་དུས་ཡུན་སྐར་མ་ཁྲི་70ལྷག་ཙམ་ཟིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི“རླུང་འཕྲིན་དང་བརྙན་འཕྲིན་གྱི་གདོང་ལེན་པའི”ཡན་ལག་རུ་ཁག་14ཡི་ཏང་ཡོན་ལས་བྱེད་པ་160ཡིས་རྒྱུན་དུ་ནས་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་དམ་ཟབ་ཀྱིས་མང་ཚོགས་ཚོར་ཞབས་འདེགས་ཡག་པོ་ཞུ་གི་ཡོད། 2022ལོར་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དང་དགོན་སྡེའི་གྲྭ་ཤག་ཏུ་བསྐྱོད་ནས་མང་ཚོགས་མི་ཐེངས་ཁྲི་20ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་མང་ཚོགས་ཀྱིས་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུར་བློ་ཡིད་ཚིམ་ཚད་98%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།