ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་བྱེད་པ60གཞི་རིམ་དུ་བསྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་2023ལོའི་ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་བྱེད་པ(ཆེད་ལས་ལག་རྩལ་མི་སྣ)གཞི་རིམ་དུ་བསྐྱོད་དེ་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་སྤེལ་བ་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་བྱེད་པ་60ཡིས་ཞིང་ནང་མུ་ཁ་དང་། གསོ་ཚགས་རྟེན་གཞི། ཞིང་འབྲོག་པའི་ཁྱིམ་ཚང་བཅས་སུ་བསྐྱོད་དེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་དང་ཞིང་འབྲོག་པའི་ཐོན་སྐྱེད་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། ནུས་ཤུགས་ཡོད་རྒུས་ཚན་རྩལ་ལ་བརྟེན་ནས་ཞིང་པར་རོགས་སྐྱོར་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བཅས་བྱས་ཏེ། དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།

ད་ཐེངས་ཀྱི་བྱེད་སྒོར“རིགས་གཅིག་མཁས་ཅན+ཚན་རྩལ་མི་སྣ+ཚན་རྩལ་དཔེ་སྟོན་དུད་ཚང+ཁྱབ་འགྱེད་སྐུལ་ཁྲིད་དུད་ཚན+ཚོད་ལྟའི་དཔེ་སྟོན་རྟེན་གཞི”བཅས་ཀྱི་ལག་རྩལ་ཞབས་ཞུའི་རྣམ་པར་བརྟེན་ནས་ས་ཆ་དེ་རང་དུ་བརྟག་དཔྱད་ཞིབ་འཇུག་དང་། གཅིག་བསྡུས་སྒྲོག་འགྲེལ། ལས་ཡུལ་དངོས་སུ་ཁྲིད་སྟོན། ཆེད་དམིགས་གསོ་སྦྱོང། ཡུན་རིང་རོགས་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དཀའ་ངལ་དངོས་ལ་དམིགས་ཏེ། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། སྤུས་ལེཌ་ཕན་ཆེའི་སོན་བཟང་གསོ་སྤེལ། སྲོག་ཆཌ་ཀྱི་རིམས་འགོག ལུ་གུ་སྐྱེ་གསོ། ནད་འབུའི་གནོད་འཚེ་འགོག་བཅོས། ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་སོགས་ལ་ཞབས་འདེགས་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།