ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་ཅང་སུའུ་ཡིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར5.12བཀོད་སྒྲིག་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཅང་སུའུ་ཡིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་5.12བཀོད་སྒྲིག་བྱས་ཏེ། བོད་སྐྱོར་རྣམ་གྲངས་55ལག་བསྟར་བྱེད་རྒྱུ་ཡིན་པ་དེ་བོད་སྐྱོར་གྱི“ཁྱབ་ཁོངས་ཆེན་པོ་ལྔར”ཁྱབ་རྒྱུ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་གཙོ་གནད་གཞི་རིམ་དང་དམངས་འཚོར་ཕྱོགས་པ། རིག་སྟོབས་རོགས་སྐྱོར་དང་། ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་ཐད་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་མུ་མཐུད་རོགས་སྐྱོར་བྱེད་རྒྱུ་ཡིན་པ་རེད།

ཅང་སུའུ་བོད་སྐྱོར་བཀོད་འདོམས་པུས་རྣམ་གྲངས་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་སྟེ་ལས་འགན་རྣམ་གྲངས་ཅན་དང་། རྣམ་གྲངས་གསལ་ཐོ་ཅན། གསལ་ཐོ་ཞིབ་ཕྲ་ཅན། དུས་ཚོད་མཚམས་ཚིགས་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་། “དུས་ཚོད་རེའུ་མིག”ཁ་གསལ་བཟོས་ནས“ལས་རིམ”བཟོ་དགོས་པ་དང་། བརྒྱུད་རིམ་དོ་དམ་ལ་ཤུགས་བརྒྱབ་ནས“དོ་དམ་སྲུང་སྐྱོང་དྲ་བ”བརྟན་དུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོའི་དོ་དམ་བྱ་ཐབས་དོན་འཁྱོལ་བྱས་ནས་བོད་སྐྱོར་རྣམ་གྲངས་དེ་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་པའི་དམངས་འཚོའི་འདུ་འགོད་ཅིག་ཏུ་སྐྲུན་དགོས་པ། དུས་དཀྱིལ་གྱི་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”དུས་དཀྱིལ་དང་དུས་མཇུག་གི་རྣམ་གྲངས་དང་ཁ་གཏད་རོགས་སྐྱོར་འཆར་འགོད་འབྲེལ་མཐུད་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་བོད་སྐྱོར་རྣམ་གྲངས་ཀྱི་གཅིག་སྡུད་ཕན་འབྲས་ཆེ་རུ་བཏང་ནས། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་རྩེར་སོན་ཐོན་ལས་ཁག་གཅིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།