ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་མི་ཆུ་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་མཛེས་ལྗོངས་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230323314884166144.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་རིག་གནས་སྤྱི་གླིང་འགྲམ་གྱི་ཆུ་ཚད་སྙོམ་སྒྲིག་ཆུ་རགས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཆུ་བོ་འཕྲེད་གཞུང་ཀུན་ཏུ་རྒྱུག་པ་དང་མཚེའུ་སྐར་ཚོགས་ལྟར་ཁྱབ་པ། ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པས། མཐོ་སྒང་གི་སྐྱེ་ཁམས་མ་ལག་སྐྱོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་དང་དེའི་ཉེ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྙོམ་སྒྲིག་གི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན།

ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་སྐྱིད་ཆུ་དང་གྲོང་ཁུལ་མཚམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་རེད། 2019ལོར། ལྷ་ས་གྲོང་ཁྱེར་གྱིས་ཡང་བསྐྱར་ལྷ་སའི་སྐྱིད་ཆུ་དང་གྲོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་གཞི་སྤེལ་མགོ་ཚུགས་ནས། འགྲམ་སྲུང་མཚམས་ཀྱི་ལས་གཞི7བཅོས་སྐྱོང་བྱས་པ་མ་ཟད་ལེ་ལག་བབ་མཚུངས་ཀྱི་གཙང་འགྲམ་སྐྱེ་ཁམས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས། 

དེང་སྐབས། ལྷ་སའི་སྐྱིད་ཆུའི་ངོགས་གཉིས་ཀྱི་ཆུ་དྭངས་ཤིང་གཙང་བ་དང་འགྲམ་རྒྱུད་ལྗང་མདོག་ལྡན་པ། ཆུ་ལམ་བདེ་བགྲོད་ཐོགས་མེད་ཡིན་པས། སྤྱི་གླིང་རེ་རེ་དེ་གར་བཙུགས་ཏེ་གྲོང་མིར་ཆུའི་ཉེ་སར་བཅར་བའི་སྤྱི་བའི་བར་སྟོང་མཁོ་འདོན་བྱས་ཡོད། 2018ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་འཛུགས་སྐྲུན་བྱས་ནས་བོད་ལྗོངས་ཀྱི་ཆུ་བོ་དང་མཚེའུ་སོ་སོར་དོ་དམ་བྱེད་མཁན་ཡོད་པར་བྱས། ལྷ་སའི་སྐྱིད་ཆུ་དང་གྲོང་ཁུལ་མཚམས་སུ་བསྡོམས་པས་ཆུ་རགས་བདག་སྐྱོང་མཁན40ཡོད་པ་དང་། ཁོང་ཚོས་ཉིན་རེར་ཆུ་རགས་སྐོར་སྐྱོད་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགན་འཁུར་ཡོད། “སྐྱིད་ཆུ་ནི་ལྷ་སའི་མ་ཡུམ་ཆུ་བོ་ཡིན་པས་སྲུང་སྐྱོབ་ལེགས་པོ་བྱེད་དགོས”ཞེས་བདག་སྐྱོང་མཁན་ལྷག་པ་ཚེ་རིང་གིས་བཤད། 

W020230323314884310185.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་གཙང་འགྲམ་དུ་ཆུ་རྩེད་བྱེད་བཞིན་པའི་རྣམ་པ་རེད། 

བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཆ་ནས་ལྷ་ས་གྲོང་ཁྱེར་གྱིས“སྤྱི་ལེ་བརྒྱ་ཡི་སྐྱེ་ཁམས་ལྗང་མདོག་བར་ཁྱམས”བསྐྲུན་པ་དམིགས་འབེན་དུ་བཟུང་སྟེ། ཆུ་ལ་བརྟེན་ནས་གྲོང་ཁྱེར་བརླན་བཤེར་ལྡན་པ་དང་ལྗང་མདོག་གིས་གྲོང་ཁྱེར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད། ལོ་རྒྱུས་ཆུ་རྒྱུད་རིམ་བཞིན་སླར་གསོ་བྱུང་བ་ཕུད། མ་འོངས་བར་ལྷ་སར་ད་དུང“ཆུ་བོ་གཉིས་དང་བར་ཁྱམས་གསུམ། ཆུའི་དྲ་རྒྱ་འཛུགས་པ། མཚེའུ་གང་སར་ཁྱབ་པ”སོགས་ཀྱི་གྲོང་ཁྱེར་ཆུ་རྒྱུད་ཀྱི་སྒྲིག་གཞི་ཆགས་དགོས། “ད་ལོར་ལྷ་སས་གྲོང་ཁྱེར་གྱི་ཆུ་རྒྱུད་མཐོར་འདེགས་ལས་གཞི་ལག་བསྟར་བྱས་ནས་ད་ཡོད་ཀྱི་ཆུ་རྒྱུད་སྤྱིའི་ཆ་ནས་ལེགས་བཅོས་མཐོར་འདེགས་སུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་གཏོང་དགོས”ཞེས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཆིང་གིས་བཤད།

ལྷ་ཀླུ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ“ལྷ་སའི་གློ་བ”ཡི་མཚན་སྙན་ལྡན་ཞིང་། དེ་ནི་ལྷ་ས་གྲོང་མིའི“རང་བྱུང་གསོ་རླུང་ཁང་”ཡིན། ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་སླར་གསོ་དང་ཆུ་རྒྱུད་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། བརླན་ས་སྤྱིའི་རྒྱ་ཁྱོན་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་ཕྱིན་ཡོད་པ་དང་། སྐྱེ་ཁམས་མ་ལག་གི་སྤྱིའི་བྱེད་ནུས་སླར་གསོ་ནུས་ལྡན་བྱུང་ཡོད།

W020230323314884310051.jpg

པར་འདི་ནི་ལྷ་ཀླུ་བརླན་ས་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱས་པའི་རྣམ་པ་རེད།

“སྲོག་ཆགས་ནི་སྐྱེ་ཁམས་ཁོར་ཡུག་གི་ཆར་བརྟག་ཡོ་བྱད་ཡིན། བརླན་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ལོ་འདི་དག་རིང་བརླན་སར་དགུན་སྒྲོལ་བར་ཡོང་བའི་བྱ་རིགས་ཀྱི་གྲངས་འབོར་དང་སྣ་ཁ་རྒྱུན་མཐུད་ཇེ་མང་དུ་ཕྱིན་ཡོད། ད་ལྟ་ལྷ་ཀླུ་བརླན་ས་འདི་ཉིད་དུས་བྱའི་དགའ་ཚལ་དུ་གྱུར་ཡོད”ཅེས་ལྷ་ཀླུ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཉི་མ་རྡོ་རྗེ་ཡིས་བཤད།

 བྲག་གསུམ་མཚོ་ནི་བོད་ལྗོངས་ཉིང་ཁྲིའི་ཆེས་སྔ་བའི་མཛེས་ལྗོངས་གྲགས་ཅན་གཅིག་ཡིན། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་གད་སྙིགས་རིགས་དབྱེའི་གསལ་སྟོན་བྱང་བུ་དང་ཁོར་སྲུང་སྦྱར་ཡིག་སོགས་ཧ་ཅང་གསལ་བོ་ཡིན་པ། “མཛེས་ལྗོངས་ཁུལ་གྱིས་ཁོར་སྲུང་རྣམ་པའི་ནུས་རྒྱུ་གཙང་མའི་རླངས་འཁོར་དང་སྤྲོ་གསེང་གཏོང་བྱེད་གྲུ་གཟིངས་སྤྱད་ཡོད་པ་དང་། ཉིན་རེར་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་མཚེའུ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་པ། མཛེས་ལྗོངས་ཁུལ་དུ་ད་དུང་བཙོག་ཆུ་ཐག་གཅོད་བཟོ་གྲྭ་བཙུགས་ཡོད་པས་ཐག་ཉེ་སར་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱས་ཆོག”ཅེས་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས། 

W020230323314884316117.jpg

པར་འདི་ནི་ཁ་བ་བབས་རྗེས་ཀྱི་བྲག་གསུམ་མཚོའི་རྣམ་པ་རེད།

ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་བོ་དང་གཙང་པོ། མཚེའུ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་ལ་སྐུལ་འདེད་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོའི་ཟླ1པོའི་མཇུག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཆུ་བོ་དང་མཚེའུ19འགྲམ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་ལེགས་པར་འགྲུབ་པ་དང་ཆུ་བོ་དང་མཚེའུ62ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་བྱས་པ་མ་ཟད། ད་དུང་བྲག་གསུམ་མཚོ་ཚོད་ལྟའི་ས་ཚིགས་སུ་བཟུང་ནས་དཔེ་སྟོན་གྱི་ཆུ་བོ་དང་མཚེའུ་དང་། ཆུ་བོ་དང་མཚེའུ་ཡི་བདེ་ཐང་གདེང་འཇོག་ལས་དོན་སྤེལ་བ་དང་། གཙང་སེལ་མི་སྣ་མི་ཐེངས་ཁྲི2ལྷག་མངག་ནས་ཆུ་བོ་དང་མཚེའུ729གཙང་བཤེར་བྱས་པ་དང་། གད་སྙིག་སྤུངས་ཡུལ254ལེགས་བཅོས། གད་སྙིགས་ཏུན321གཙང་འདྲེན་བཅས་བྱས་པ་རེད།

ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་ལེན། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འཐུང་ཆུའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་ཧུར་ཐག་སོགས་ཆུའི་ཐོན་ཁུངས་སྐོར་གྱི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱུང་བ། བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་བརྟན་སྲུང་བྱེད་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ནས། མི་དང་ཆུ་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་དཔེ་རིས་རྩོམ་པར་ནུས་ཤུགས་ཡོད་རྒུ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།