ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རིགས་སོ་སོའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཡོངས་སུ་ཁྱབ་པའི་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1310703067_16789379840931n.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་སློབ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་ཚོས་དྲོད་འདོན་སློབ་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར30.85བཏང་ནས་སློབ་གྲྭའི་དྲོད་རླངས་མཁོ་འདོན་ཡོངས་སུ་ཁྱབ་པའི་ལས་གཞི་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ས་བབ་མཐོ་བའི་སློབ་གྲྭ1699རུ་ནུས་རྒྱུ་གཙང་མའི་ནུས་ཆེའི་དྲོད་རླངས་མཁོ་འདོན་མངོན་འགྱུར་ཡོང་བར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། དེའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི27ལ་ཕན་ཐོགས་ཡོད། མིག་སྔའི་བར་བོད་ལྗོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། 

ས་བབ་སྨི4700ལྷག་གི་མཚམས་སུ་གནས་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་སློབ་ཆུང་དུ་སྐྱོད་པའི་ཚེ། ཤེལ་གྱི་དྲོད་ཁྱམས་ནང་གི་མེ་ཏོག་དང་རྩྭ་རྩི་ཤིང་གི་ལོ་འདབ་རྒྱས་ཡོད་ཅིང་། དེ་གའི་སློབ་གྲྭའི་འཚོ་བར་ཚོན་མདངས་གསར་བ་བསྣན་ཡོད། 2016ལོར། བྱ་ཁྱུང་གྲོང་རྡལ་སློབ་ཆུང་གིས་དྲོད་ཁྱམས་སྐྲུན་ཟིན་པ་དང་དེ“དཔེ་ཀློག་དྲོད་ཁྱམས”དང“དྲོ་སྐྱིད་ལྡན་པའི་དྲོད་ཁྱམས”གཉིས་སུ་དབྱེ་ཡོད། “དཔེ་ཀློག་དྲོད་ཁྱམས”ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ880ཡོད་པ་དང་དེའི་ནང་སློབ་ཁང་དང་གཞུང་སྒྲུབ་ཁང་། ལུས་རྩལ་ཡོ་བྱད་ཁང་། ཡིག་གཟུགས་ཁང་། གློག་ཀླད་ཁང་སོགས་བཙུགས་ཡོད། “དྲོ་སྐྱིད་ལྡན་པའི་དྲོད་ཁྱམས”ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1020ཡོད་ཅིང་། དེའི་ནང་ཉལ་ཁང་དང་འཁྲུད་ཁང་། གོས་འཁྲུད་ཁང་། སྐྲ་བཞར་ཁང་། སྨན་དོན་ཁང་སོགས་འདུས་ཡོད།

ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ལས་བརྒལ་བ་དང་ཆེས་འཁྱགས་པའི་སྐབས་སུ་དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ30སླེབས་པ་རེད། 2011ལོར་ནག་ཆུ་གྲོང་ཁྱེར་གྱིས་ཤེལ་གྱི་དྲོད་ཁྱམས་རྣམ་གྲངས་ལག་བསྟར་བྱས་ཤིང་། མིག་སྔའི་བར་སློབ་གྲྭ117ལ་རྣམ་གྲངས་ལག་བསྟར་བྱས་ཟིན་པ་དང་རྒྱ་ཁྱོན་སྨི་གྲུ་བཞི་མ54261ཟིན་ཡོད། ནག་ཆུ་གྲོང་ཁྱེར་གྱིས་གཅིག་སྡུད་དྲོད་རླངས་མཁོ་འདོན་དོན་འཁྱོལ་བྱས་པའི་སློབ་གྲྭ139ཟིན་པ་དང་དྲོད་རླངས་འཁོ་འདོན་གྱི་སློབ་གྲྭ་དང་ཉལ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི84.85ཟིན་ཡོད་པ་སློབ་མ་ཁྲི8.37ལ་ཕན་ཐོགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།