ཀྲུང་གོ་བོད་ཀྱི་དྲ་བ།

སྟོད་ལུང་བདེ་ཆེན་ཆུས་ཀྱི“བདེ་སྐྱིད་བོད་ཁྱིམ”རྣམ་གྲངས་ཀྱིས་སླར་ཡང་བགོ་འགྲེམས་བརྒྱབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བདེ་སྐྱིད་བོད་ཁྱིམ”གྱིས་2022ལོའི་རྣམ་གྲངས་ཀྱི་བགོ་འགྲེམས་ཚོགས་ཆེན་འཚོགས་ཤིང་། “བདེ་སྐྱིད་བོད་ཁྱིམ”གྱི་2022ལོའི་གཉེར་སྐྱོང་ཡོང་འབབ་གཞིར་བཟུང་། སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་དུད་ཚང100ཡི་གནས་སྤོས་ཡུལ་མི་ཚོར་བགོ་འགྲེམས་བརྒྱབ་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང“བདེ་སྐྱིད་བོད་ཁྱིམ”ཡུལ་གཞན་དུ་གནས་སྤོས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་རྣམ་གྲངས་ཀྱིས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་ས་གནས་དེ་གའི་གྲོང་མི་ལས་ཞུགས་ཐུབ་ཡོད། མིག་སྔའི་བར་འབྲོག་མ་གྲོང་ཚོར་རིམ་རྩིས་བྱས་ན། བགོ་འགྲེམས་སྒོར་ཁྲི་181.88རྒྱག་རྒྱུར་སྐུལ་ཁྲིད་བྱས་པའི་ནང་ད་ཐེངས་ཀྱི་བགོ་འགྲེམས་ལས་དུད་ཚང་100ཡི་གྲོང་མི་415ལ་ཕན་པ་ཐོབ་པ་དང་། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་མཁན་ལ་བགོ་འགྲེམས་མཐོ་ཤོས་སྒོར་9300རག་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།