ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་3ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བར་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་གསར་གཏོད་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པའི་ཕུགས་འདུན་སྒྲུབ་དགོས།

“རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱུན་མཐུད་ལས་འགན་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ང་ཚོ་མི་རབས་འདིའི་ཕྲག་ཐོག་ཏུ་བབས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་གསར་གཏོད་བཅས་བྱས་ཏེ། རྒྱང་ལམ་གསར་པའི་ཐོག་དུས་རབས་དང་། ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་ང་ཚོ་མི་རབས་འདིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་ནི་ཚིག་གསལ་ཞིང་དོན་སྙིང་ལྡན་པ་ཞིག་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཚའེ་དབན་ཧྲེང་ལ་ལས་ཀ་བྱེད་སེམས་དང་བྱས་ན་བྱེད་གཞི་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“སླད་ཕྱིན། ང་ཚོས་དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི‘ལས་འགན་གཙོ་བོ་ལྔ’དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། གཞི་རིམ་ནས་བཏོན་པའི་གནད་དོན་ཁག་གཅིག་དང་ཟུང་འབྲེལ་གྱིས་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། བྱ་ཐབས་གསར་པ་འཚོལ་ཞིབ་བཅས་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་དང་ལས་ཀ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། རྫོང་ཡོངས་ཀྱི་གྲོང་སྡོད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཕན་ཀང་ཕིང་གིས་བརྗོད་དོན། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་རྒྱུན་འཛིན་བྱེད་པ་ནི་རྒྱ་ཆེའི་གཞོན་ནུ་ཚོའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། འདི་ལོ་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བྱས་ནས་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་ཞུ་བ་དེ་ལས་འགན་གཙོ་བོར་བརྩིས་ནས་གཞོན་ནུའི་དུས་སུ་བྱས་རྗེས་འཇོག་པའི“ལོ་ལྔ་ཚན་བཅུ་བཞི་པའི”བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་བ། འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དེ་འགག་རྩའི་དམ་འཛིན་བྱ་གཞིར་བྱས་ནས་གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། སྔོན་ཐོན་གྱི་རྩ་འཛུགས་འཛུགས་སྐྱོང་བྱེད་པ་དམིགས་ཚད་དང་ཁ་ཕྱོགས་སུ་བཟུང་ནས་གཞོན་ནུ་སྔར་ལས་མང་བ་ཏང་གི་མཐའ་འཁོར་དུ་མུ་མཐུད་གཅིག་སྒྲིལ་གྱིས་གཞོན་ནུའི་ལས་ཀའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན།

བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

“ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལུགས་སླར་ཡང་ནན་བཤད་གནང་སྟེ། ཚན་རྩལ་གྱི་རང་ཚུགས་རང་དར་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད” སྟག་རྩེ་ཆུས་བཟོ་ལས་གླིང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཧྲེང་དབྱི་ཡིས“རྒྱང་ལམ་གསར་པར་སྟག་རྩེ་ཆུས་བཟོ་ལས་གླིང་གིས་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་ཁོང་དུ་ཆུད་པ་དང་། ཚན་རྩལ་གྱི་རང་ཚུགས་རང་དར་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། ཁེ་ལས་ལ་བརྟེན་ནས་ཡུན་རིང་གི་རིན་ཐང་གཏོད་པ་བཅས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

“རྒྱང་ལམ་གསར་པར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་དེ་རང་ལྗོངས་ཀྱི‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིའི’ལས་དོན་ནང་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་དུ་སྐུལ་འདེད་གཏོང་གི་ཡིན”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་ཆ་འཕྲིན་འདུ་འགོད་སློབ་གླིང་གི་ཡོན་ཀྲང་ཝང་ཧའོ་ཡིས་བརྗོད།

ཁོང་གིས་མཐོ་སློབ་ཀྱི་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས“སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་ཡིན”ཞེས་པའི་ཆོད་གཏམ་གལ་ཆེན་འདིར་གོ་བ་གཏིང་ཟབ་བླངས་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་། ལེགས་ཆ་འདོན་སྤེལ། དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་དང་། གློག་རྡུལ་ཆ་འཕྲིན། གྲངས་གཞི་ཆེ་མོ་སོགས་རིག་ཚན་ཆེད་ལས་འཛུགས་སྐྱོང་མགྱོགས་སུ་དང“སྲིད་ཐོན་སློབ་ཞིབ”མཉམ་ལས་གཏིང་ཟབ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་ཁོངས་གསར་གཏོད་འཕེལ་རྒྱས་ལ་མཐོ་སློབ་སློབ་གསོས་ལེགས་སྐྱེས་འབུལ་ཚད་ཆེ་རུ་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད།

དོན་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ལེགས་པར་བྱེད་དགོས།

“དུས་རབས་གསར་པར་སླེབས་སྐབས་མཐའ་མཚམས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསུས་ཤིང་། གྲོང་ཚོ་གསར་པ་བསྐྲུན་ནས་ལོ་གཉིས་ལྷག་ཙམ་སོང་རིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ནས་གནས་སྤོས་བྱས་པའི་དུད་ཁྱིམ་གྱིས་དེ་གར་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་དང་བདེ་སྡོད་ལས་ལ་བརྩོན་བཞིན་ཡོད། ཏང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ང་ཚོས་ཡུལ་བབ་དང་བསྟུན་ནས་སྤོས་བཟོ་གྲྭ་དང་ཀོ་ཤ་འདེབས་འཛུགས་རྟེན་གཞི་ནང་འདྲེན་བྱས་ནས། མང་ཚོགས་ལ་དམངས་སྲོལ་གནས་ཚང་དང་སྨྱུག་བསླས་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་པས་གྲོང་ཚོའི་ནང་དཔྱིད་དཔལ་བཞད་པ་ལྟར་གྱི་རྣམ་པ་ཐོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བརྩོན་ལེན་བྱས་ཏེ། མཐའ་སྲུང་མཐའ་བརྟན་དང་དམངས་ཕྱུག་མཐའ་དར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་པ་གྲོང་གསར་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་བརྗོད།

བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་བརྟན་ལྷིང་ནི་སྟོབས་འབྱོར་ལྡན་པའི་སྔོན་འགྲོ་ཡིན།

བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཀྲན་ཀྲང་ཝང་ཧྲེ་ཧུང་གིས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་མུ་མཐུད་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་དུས་མཚུངས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བླང་བྱ་དང་བསྟུན་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་འགག་སྒོ་སྒྲོལ་བདེ་དང་། མཐའ་མཚམས་ཀྱི་ལམ་ཡིག་གཉེར་བ། མཐའ་མཚམས་ཞིབ་བཤེར་ཤར་གཏོང་། ཐེམ་ཐོའི་ལས་སྒོ་དོ་དམ་སོགས་དམངས་ཕན་བྱ་ཐབས་སྔར་བས་མང་བ་ཞིབ་འཇུག་བྱས་ནས་འདོན་པ་དང་། ཞབས་ཞུའི་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཕྱི་ཕྱོགས་སྒོ་དབྱེར་ཞབས་འདེགས་ཞུ་བ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གཉིས་མཉམ་འདྲེས་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།