ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉི་ཤུ་བའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་ཧྲིན་ཀྲིན་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230316326735802789.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་འདིར། སྐབས་ཉི་ཤུ་བའི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་ཧྲིན་ཀྲིན་དུ་རྒྱལ་ཁའི་ངང་བསྡུས། གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་རིག་གནས་ཐོན་ཁུངས་འོས་སྦྱོར་དང་། རིག་གནས་གསར་གཏོད་ཐོན་རྫས་དང་ཞིང་ཞོར་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། པར་རིས་དང་བརྙན་རིས་འགྲེམ་སྟོན། དྲ་རྒྱའི་བརྙན་ལམ་མངག་བཅོལ། ཀོང་པོའི་ཁྱད་ལྡན་རིག་རྩལ་འཁྲབ་སྟོན། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཉིང་ཁྲིའི་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དང་། ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕོ་འགྱུར་གསར་བ་མངོན་པས། ཧྲིན་ཀྲིན་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ། 

W020230316326735960553.png

ཐེངས་འདིའི་འོས་སྦྱོར་ཚོགས་འདུས་བོད་སྐྱོར་ལེགས་ཆ་དང་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཧྲིན་ཀྲིན་དང་ལེགས་ཆ་གསབ་རེས་དང་གནད་ཆེའི་རྒྱུ་རྐྱེན་བརྗེ་རེས། མཉམ་ལས་མཉམ་འགུལ་རྒྱ་སྐྱེད་དུ་བཏང་བ་དང་། རིག་གནས་ཡུལ་སྐོར་དང་ཚོང་འགུགས། ཐོན་ལས་བཅས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་པ། ཧྲིན་ཀྲིན་གྱི་འགྲུལ་ཁུངས་ཁྲོམ་ར་སྔར་བས་སྲ་བརྟན་དུ་བཏང་བས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དོ་ཁུར་ཆེན་པོ་ཐོབ་པ་དང་ཧྲིན་ཀྲིན་གྲོང་ཁྱེར་གྱི་སྨྱན་བྱད་གཙོ་བོ་མང་པོའི་ཡིད་དབང་བཀུག་ནས་ཡུལ་དངོས་གནས་ཚུལ་སྒྲོག་སྤེལ་ཁྲོད་ཞུགས་ཡོད། ཤེས་གསལ་ལྟར་ན། ཧྲིན་ཀྲིན་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་དང་ཡིག་གཟུགས། པར་ལེན། ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་། ཁམས་གསོ། སྒེར་འཁོར་གཏོང་བ་བཅས་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་སོགས་མི130ལྷག་ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།