ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་དཔལ་འབར་རྫོང་གིས་ངལ་ལས་ཕྱིར་གཏོང་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་ནུས་ཤུགས་ཡོད་རྒུས་ཇེ་མང་དུ་བཏང་བ་རེད། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གྱི་མང་ཚོགས་བརྒྱ་ལྷག་བོད་ཀྱི་ལོ་གསར་གྱི་རྗེས་སུ་ལས་གནས་གསར་བར་སྐྱོད་པ་རེད། ཁོང་ཚོ་ལྷ་སར་སོང་ནས་རི་ལྡེབས་ལྗང་སྒྱུར་ཚན་རྩལ་དཔེ་སྟོན་རྣམ་གྲངས་ནང་ཞུགས་ཏེ་ལས་ཞུགས་འབབ་འཕར་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།