ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ནུས་རྩལ་མཐོར་འདེགས་སུ་བཏང་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ལྷ་ས་གྲོང་ཁྱེར་ནོར་འཕེལ་གླིང་ལས་རིགས་ནུས་རྩལ་གསོ་སྦྱོང་སློབ་གྲྭས་སྒྲུབ་འགན་ཁུར་བའི་ནག་ཆུ་གྲོང་ཁྱེར་གྱི2023ལོའི་ནུབ་རྒྱུད་རྫོང་བཞིའི་རོང་འབྲོག་པ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་མཐར་ཕྱིན་སློབ་མའི་གློག་ལས་ཞིག་གསོའི་ཆེད་དམིགས་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་ནག་ཆུ་གྲོང་ཁྱེར་གྱི་རྫོང་སོ་སོར་སློབ་མགོ་ཚུགས་པ་རེད། 

༡.jpeg

 པར་འདི་ནི་གསོ་སྦྱོང་འཛིན་གྲྭའི་ཁོངས་མིས་སློབ་ཁྲིད་ལ་ཉན་བཞིན་པའི་རྣམ་པ་རེད།

རྒྱུས་ལོན་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནང་བསྡོམས་པས་སློབ་མ154ཞུགས་ཡོད་པ་དང་གསོ་སྦྱོང་ཉིན30རིང་སྤེལ་རྒྱུ་རེད། གསོ་སྦྱོང་དཔྱད་ཞིབ་ཀྱི་ཚད་ལོན་རྗེས། རྒྱབ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ལས་རིགས་གསལ་འབྱེད་ཁང་དུ་ལས་རིགས་རིམ་པ་གསལ་འབྱེད་ཀྱི་རྒྱུགས་ལེན་པ་དང་། དེ་རྗེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཚད་ལོན་དཔང་རྟགས་སྤྲོད་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ནོར་འཕེལ་གླིང་ལས་རིགས་ནུས་རྩལ་གསོ་སྦྱོང་སློབ་གྲྭའི་སློབ་གཙོ་ཡིས་གསོ་སྦྱོང་བརྒྱུད་ནས་རོང་འབྲོག་པ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་མཐར་ཕྱིན་སློབ་མའི་རྩལ་ནུས་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱས་ཏེ། རིམ་བཞིན་སྤྱི་ཚོགས་ལ་མཁོ་བའི་དངོས་ཕན་རྣམ་པའི་ལག་རྩལ་བཟོ་བར་གྱུར་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བླང་བྱ་བཏོན་ཡོད།

༢.jpeg

 པར་འདི་ནི་གསོ་སྦྱོང་འཛིན་གྲྭའི་ཁོངས་མིས་གཟབ་ནན་སྒོས་སློབ་ཁྲིད་ལ་ཉན་བཞིན་པའི་རྣམ་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་གཙོ་བོར་གཞུང་ལུགས་གསོ་སྦྱོང་དང་བཀོལ་སྤྱོད་དངོས་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། དངོས་ཡོད་དགོས་མཁོ་དང་ཁྲོམ་རའི་མི་བཀོལ་དགོས་མཁོར་མཐུན་པ་མ་ཟད། ད་དུང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་། དུག་འགོག་ཤེས་བྱ། མེ་གསོད་བདེ་འཇགས་སོགས་ཀྱི་ནང་དོན་ཡང་བསྣན་ཡོད།

༣.jpeg

པར་འདི་ནི་གསོ་སྦྱོང་འཛིན་གྲྭའི་སློབ་མས་བཀོལ་སྤྱོད་དངོས་ཀྱི་སྦྱོང་བརྡར་བྱེད་བཞིན་པའི་རྣམ་པ་རེད།

༤.jpeg

པར་འདི་ནི་གསོ་སྦྱོང་འཛིན་གྲྭའི་སློབ་མས་བཀོལ་སྤྱོད་དངོས་ཀྱི་སྦྱོང་བརྡར་བྱེད་བཞིན་པའི་རྣམ་པ་རེད།

༥.jpeg

པར་འདི་ནི་གསོ་སྦྱོང་འཛིན་གྲྭའི་སློབ་མས་བཀོལ་སྤྱོད་དངོས་ཀྱི་སྦྱོང་བརྡར་བྱེད་བཞིན་པའི་རྣམ་པ་རེད།

སློབ་མ་མང་པོས་གསོ་སྦྱོང་བྱས་པ་བརྒྱུད། རང་ཉིད་ཀྱི་ཆེད་ལས་ནུས་རྩལ་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱུས་ལོན་སྔར་བས་གཏིང་ཟབ་བྱུང་ཡོད་ཅེས་བསྟན། 

“གསོ་སྦྱོང་སློབ་སྦྱོང་བྱས་པ་བརྒྱུད། ངས་ཆེད་ལས་ལག་རྩལ་ཤེས་བྱ་མང་པོ་ཁོང་དུ་ཆུད་པ་དང་ལྷག་པར་དུ་བཀོལ་སྤྱོད་དངོས་ཀྱི་སློབ་སྦྱོང་ཁྲོད་གློག་ལས་ཀྱི་རྒྱུན་སྤྱོད་ཡོ་བྱད་ངོས་ཟིན་པ་དང་། ཡོ་བྱད་སྒྲིག་སྦྱོར་བཀོལ་སྤྱོད་བྱེད་སྟངས་སོགས་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་འོད་ཤུགས་གློག་གི་སྒྲིག་སྦྱོར་དང་འཁོར་སྐྱོད་ཞིག་གསོ་ལ་ཇི་ལྟར་ཞིབ་བཤེར་དང་སྲུང་སྐྱོབ་བྱེད་པ་ཤེས་སོང་། གསོ་སྦྱོང་དགེ་རྒན་གྱིས་ཞིབ་ཚགས་སྒོས་ཡང་དང་བསྐྱར་དུ་དངོས་ཡོད་བཀོལ་སྤྱོད་དང་ལད་ཟློས་བྱས་ནས། ང་ཚོར་གློག་ལས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ཤེས་རྟོགས་བྱུང་དུ་བཅུག”ཅེས་ཉི་མ་རྫོང་གི་གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཚེ་རིང་བཀྲ་ཤིས་ཀྱིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།