ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱི“སྤྱོད་ཚུལ་འཛུགས་སྐྱོང་ལོ”ཕྱོགས་ཡོངས་ནས་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་མཐོ་སར་སྐུལ་འདེད་བཏང་སྟེ་སྐུལ་སློང་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་། 2023ལོ་ལྷ་ས་གྲོང་ཁྱེར་གྱི“སྤྱོད་ཚུལ་འཛུགས་སྐྱོང་ལོར”གཏན་འཁེལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ཡོད་པ་རེད།

ལྷ་ས་གྲོང་ཨུད་ཀྱིས་དེ་མ་ཉིད་དུ《གྲོང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》བཟོས་ཏེ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་གིས་གྲོང་ཁྱེར་རིམ་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་གཞིར་བཟུང་དེ་མཚུངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་དོན་སྤེལ་བ་རེད། དུས་མཚུངས་སུ《“སྤྱོད་ཚུལ་འཛུགས་སྐྱོང་ལོའི”ལག་བསྟར་ཇུས་གཞི》བཟོས་ནས་སློབ་སྦྱོང་སྐུལ་སློང་དང་། དག་ཐེར་བཤེར་འདོན། སྒྲིག་སྲོལ་འཛུགས་པ། ཕྱོགས་སྡོམ་རིམ་སྤོར་བཅས་དུས་མཚམས་བཞིའི་ལས་ཀའི་ལས་འགན་གཏན་འཁེལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།

ལྷ་ས་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་དག་ཐེར་བཤེར་འདོན་གཏིང་ཟབ་བྱེད་ཅིང་། ལས་ཀའི་སྒྲིག་གཞི་སྟོབས་ལྡན་འཛུགས་པ་དང་ལས་ཀའི་ཆེད་དོན་ཚན་ཁག་ཧྲག་པོ་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་བཤེར་འདོན་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་བཀོལ་སྤྱོད་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ལྡན་པའི་གཞི་རྟེན་དང་དམ་འཛིན་བྱ་གཞི་ཞིབ་འཇུག་བྱས་ནས་འདོན་པ། འཛེམ་མེད་དམར་འདོན་གྱིས་དག་ཐེར་དང་། ལག་ལེན་དངོས་ལ་བརྟེན་ནས་དག་ཐེར། གདོང་དམར་པོ་ཆགས་པ་དང་རྔུལ་ཆུ་དོན་པའི་དག་ཐེར་བཅས་བྱས་ཏེ་དག་ཐེར་ལས་སྤྱོད་ཚུལ་ལེགས་སུ་འགྲོ་བ་དང་། གདེང་ཚོད་འཕེལ་བ། ཕན་འབྲས་ཐོན་པ་བཅས་ལ་འགན་ལེན་བྱས་ནས“མིག་དཔེ་དྲུག”དང“དོན་འཁྱོལ་བརྒྱད”ཀྱི་བླང་བྱ་ལག་བསྟར་མཐར་ཕྱིན་དང་དམིགས་སར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད།

དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་འདུ་ཤེས་ཟབ་ཏུ་གཏོང་བའི་བསམ་ཕྱོགས་ཐད་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས“གཙོ་འཛིན་གྱི་ཉམས་བཟང་མྱོང་ཚོར་ཐུབ་པར་བྱས་ནས། ཉམས་སད་ཐེག་པའི་སྤྱོད་ཚུལ་ཞུན་བརྡར་གཏོང་བའི”དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟུང་འབྲེལ་བྱས་ཏེ་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་དང་། རང་འགན་ཐེག་པ་ཁུར་ལེན་བྱེད་མཁས་པའི་ཐད་འབད་བརྩོན་བྱས་ཏེ་ཆེད་དོན་ཚན་ཁག་གི་རྣམ་པར་བརྟེན་ནས་མིག་ལྟོས་སྟོབས་ཆེར་གཏོང་བ་དང་། བཅོས་སྐྱོང་སྟོབས་ཆེར་གཏོང་བ། མཐུན་སྒྲིལ་སྟོབས་ཆེར་གཏོང་བ། དཔལ་འབྱོར་སྟོབས་ཆེར་གཏོང་བ། སྐྱེ་ཁམས་སྟོབས་ཆེར་གཏོང་བ། རྒྱབ་ཕྱོགས་སྟོབས་ཆེར་གཏོང་བ། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ་བཅས“བྱ་སྤྱོད་ཆེ་གྲས་བདུན”ལ་སྐུལ་འདེད་གཏོང་བ་དང་། ལས་རིམ་བཟོ་བ་དང་ཚད་གཞི་ལེགས་སྒྲུབ། ཞིབ་ཚགས་ཅན་གྱི་གདུབ་ཟུམ་དོ་དམ་བྱས་ནས“སྣེ་ཁྲིད་དམག་བདུན”ཡག་པོ་བྱེད་པའི་ཕུལ་བྱུང་གི་རྒྱུགས་ལན་ཧུར་ཐག་འབུལ་བ། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ《སྲིད་དོན་བགྲོ་གླེང》གི་ལེ་ཚན་མུ་མཐུད་གཉེར་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པ་གདན་དྲངས་ཏེ་སྙན་སྒྲོན་ཁང་དུ་སྲིད་འདྲི་དང་ལེན་དང་། གནད་དོན་ལ་ཐད་ཀར་དམིགས་ཏེ་མང་ཚོགས་ལ་ཐད་ཀར་ལན་རྒྱག་པ། འཛེམ་མེད་དམར་འདོན་གྱིས་དག་ཐེར་དང་ཟུར་བསྟན་ལེབ་མཐོང་གིས་བཅོས་སྒྲིག ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་རྒྱུའི་ཐད་འབད་བརྩོན་བྱས་ནས“ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་བསྟར་རྒྱུར་དམིགས་ནས་ཏང་ཡོན་ལས་བྱེད་པའི་འཇོན་ཐང་ཆེར་གཏོང་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། “ལས་མེད་སྒྱིད་ལུག”གི་ལས་བྱེད་པར་བཅོས་སྒྲིག་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ། རྒྱུན་གཏན་གྱི་དཔྱད་ཞིབ་དང་། རིགས་དབྱེའི་དཔྱད་ཞིབ། བར་ཐག་ཉེ་བའི་དཔྱད་ཞིབ་བཅས་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བ། བདེན་འཚོལ་དངོས་སྒྲུབ་ཐད་འབད་བརྩོན་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“སྒྲོག་འགྲེལ་ཆེན་པོ་དང་། བརྟག་ཞིབ་ཆེན་པོ། གྲལ་བཤེར་ཆེན་པོ། དོན་འཁྱོལ་ཆེན་པོ”བཅས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས་མང་ཚོགས་ཀྱི་ལས་དོན་དང་ལྟེ་བར་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་ལྕག་སྐུལ་དང་། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ཐུབ་པ། གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པ་བཅས་ཀྱི“ལམ་སྲོལ་ཁག་གསུམ”འཐུས་སྒོ་ཚང་དུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་བཅས་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།