ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པས་ས་མཐོར་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་མངོན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་ཚོད་ལྟ་བྱ་ཡུལ་ཞིག་གི་ངོས་ནས། 2012ལོ་ནས་ད་བར་ལྷ་སས“རི་ཁུལ་གྱི་ནགས་བཟོའི་ཁོར་ཡུག་སྙོམས་སྒྲིག་ལག་རྩལ”དང“གྲང་བསྲན་ཤིང་རིགས་གདམ་གསེས་ཞིབ་འཇུག”སོགས་ཚན་ཞིབ་རྣམ་གྲངས་ལག་ལེན་བསྟར་ཡོད། “ས་མཐོར་ཤིང་འཛུགས་དཀའ་ཚད་ཆེ་བས། ང་ཚོས་དཀའ་ངལ་མང་པོ་ཁྱད་དུ་བསད་ཡོད། ལོ་བཅུ་ལྷག་ཙམ་རིང་ནགས་ལས་སྡེ་ཚན་གྱིས་གླང་དཀར་དང་། སྒྲོན་ཤིང་། གསོམ་ཤིང་སོགས་ས་མཐོར་འཚམ་པའི་ཤིང་རིགས་30ལྷག་ཙམ་གདམ་གསེས་བྱས་ནས‘ཐང་རྒོད’སྔོ་ལྗང་གོས་ཀྱིས་བཀླུབས་པས། ས་མཐོའི་སྔོ་ལྗང་ནི་ལས་སླ་པོར་བྱུང་བ་ཞིག་མིན”ཞེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལྷ་ས་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧུའུ་ཀྲི་ཀོང་གིས་བཤད།

2021ལོར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོའི་འདུ་འགོད་སྟེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། 2022ལོར་བོད་ཀྱིས《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ཀྱི་སྤྱིའི་འཆར་འགོད(2021ལོ་ནས་2030ལོའི་བར)》དངོས་སུ་བཀྲམ་པ་དང་། འཆར་འགོད་གཞིར་བཟུང་སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ལ་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་206.7ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ལེགས་སྒྲུབ་ཟིན་རྗེས། ལོ་རེར་ཆ་སྙོམས་ཆུ་ཏུན་ཁྲི་4980ཙམ་གསོག་ཐུབ་པ་དང་། ལོ་རེར་ཆ་སྙོམས་སྲ་ཐཱན་གྱི་ཚད་གཞི་ཏུན་ཁྲི་22.91ཟིན་པ། ལོ་རེར་ཆ་སྙོམས་གསོ་རླུང་ཏུན་ཁྲི་19.30འབྱིན་ཐུབ་པ། ལོ་རེར་ཆ་སྙོམས་ལུད་ཏུན་ཁྲི་2.71སྲུང་ཐུབ་པ། ལོ་རེར་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85ཟིན་གྱི་ཡོད།

ནག་ཆུར“ལྗོན་ཤིང་མི་སྐྱེ་བ་དང་ལྗོན་ཤིང་མེད་པའི”ལོ་རྒྱུས་མཇུག་འགྲིལ་ཆེད། ཉེ་བའི་ལོ་20ཡི་རིང་ནག་ཆུ་གྲོང་ཁྱེར་གྱིས་མཐོ་གྲང་དང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་ལྗོན་ཤིང་ཚོད་འདེབས་ཀྱི་ལས་དོན་འཚོལ་ཞིབ་དང་ཞིབ་འཇུག་བྱེད་བཞིན་ཡོད། གླང་དཀར་དང་ཀྲུང་གོའི་གླ་ཚེར་སོགས་ཤིང་རིགས་སྐྱེ་ཚུལ་ཅུང་བཟང་བས་མཐོ་གྲང་དང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་ལྗོན་ཤིང་ཚོད་འདེབས་བྱས་པར་ཉམས་མྱོང་འགའ་ཐོབ་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཧྲུའེ་ཡན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་127བཏང་སྟེ། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ཤིང་འཛུགས་ནགས་བཟོའི་འདུ་འགོད་ལག་བསྟར་བྱས་པས། བོད་དུ་ནགས་ཚལ་ཁྱབ་ཚད་12.31%བར་མཐོ་རུ་ཕྱིན་པ་དང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47.14%ཟིན་ཡོད། གྲངས་གཞི་ལས་མངོན་གསལ། 2022ལོར་བོད་རང་སྐྱོང་ལྗོངས་ཀྱིས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་117.9བྱས་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་437.5ཉམས་གསོ་བྱས་པ། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་དུ་བཅུག་པ་བཅས་ལས། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་དང་ནགས་ཚལ་ཁྱབ་ཚད་གཉིས་ཀ་མཐོ་རུ་ཕྱིན་པ་དང་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་གཉིས་ཀ་ཆུང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།