ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས“ཟས་རིགས་བདེ་འཇགས་དཔེ་སྟོན་ཁྲོམ་གཞུང”གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230315354629014890.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་གྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་བདེ་ཐང་ཟས་རིགས་འཛད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་ཆེད། ཟླ3པའི་ཚེས13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་པོའི་ལམ་དུ“ཟས་རིགས་བདེ་འཇགས་དཔེ་སྟོན་ཁྲོམ་གཞུང”གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་རེད།

མཛད་སྒོའི་ཐོག ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་དོན་མི་སྣས“ཟས་རིགས་བདེ་འཇགས་དཔེ་སྟོན་ཁྲོམ་གཞུང”གི་གྲོས་འདོན་ཡིག་སྒྲོག་འདོན་བྱས་པ་དང་། ཟས་རིགས་བདག་གཉེར་ཚོང་དུད་ཀྱི་འཐུས་མིས་གཏན་བཤད་སྤེལ་བ། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཉམ་དུ་སྒོ་བྱང་བཀལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། “ཟས་རིགས་བདེ་འཇགས་དཔེ་སྟོན་ཁྲོམ་གཞུང”བསྐྲུན་པ་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོ་ཟབ་ཞུགས། ལས་རིགས་ཀྱིས་ཐུན་མོང་བཅོས་སྐྱོང་། མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ལག་ལེན་ཐེངས་གཅིག་ཡིན། དེའི་དམིགས་ཡུལ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་བཟའ་བཏུང་རིག་ནུས་ལྟ་སྐུལ་དོ་དམ་གྱི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བཟའ་བཏུང་ཞབས་ཞུའི་ཕྱི་གསལ་ནང་གསལ་གྱི་ཚད་ཤིང་འཛུགས་པ། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་དང་ཁེ་ལས་རང་གཅུན། འཛད་སྤྱོད་པ་ཟབ་ཞུགས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྤྱི་ཚོགས་ཀྱིས་ཐུན་མོང་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་མཉམ་སྤྱོད་ཀྱི་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 

W020230315354629329726.png

རྗེས་མར། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མགོ་ཁུངས་ནས་བཀག་འགོག་ནན་མོ་དང་གོ་རིམ་ཁྲོད་དོ་དམ་ནན་མོ། ཉེན་ཁར་ཚོད་འཛིན་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། ཉིན་རྒྱུན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཟས་རིགས་ཉེན་ཁ་རིམ་པ་བགོས་ནས་དོ་དམ་བྱེད་པར་ཤུགས་སྣོན་བཅས་བྱས་ནས། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།