ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་པའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག བོད་ལྗོངས་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་14ཡི་འཐུས་མིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་འཕེལ་རྒྱས་འཆར་འགོད་སོགས་སྙན་སེང་ཞུས་པ་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཚོང་གཉེར་ཁོར་ཡུག ཤེས་ལྡན་མི་སྣ་ནང་འདྲེན་སོགས་ལ་དམིགས་ནས་རང་སོ་སོའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཚོགས་འདུའི་ཐོག དམངས་གཉེར་ཁེ་ལས་ཀྱིས་སེམས་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ཏེ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་ཕྱོགས་ཆེན་པོ་དང་སྤྱི་ཡོངས་ལ་ལྟ་བ་དང་། རྒྱལ་ཡོངས་དང་། ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་ངོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་ལྟ་སྟངས་གཅིག་མཚུངས་བཟུང་ནས། འདྲ་མཉམ་ཆོག་འཐུས་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པར་བྱེད་པ་དང་། དྲང་གཞག་འགྲན་རྩོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ་དབང་བའི་ལམ་ལུགས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་ཕན་ཚུན་འགྲན་རེས་ངང་འཕེལ་བར་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།