ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ལོ་གསར་རིང་ལས་གནས་བརྟན་སྲུང་བྱས་ནས་དམངས་ལ་ཞབས་འདེགས་སྒྲུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230222608851977205.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་སླེབས་པ་དང་བསྟུན་ནས་གངས་ལྗོངས་མཐོ་སྒང་གི་གང་སར་ལོ་གསར་ཀྱི་རྣམ་པས་ཁེངས་ཡོད། བོད་ཀྱི་ལོ་གསར་རིང་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་འགྲུལ་བ་ཇེ་མང་དུ་སོང་ཡོད་པས། བོད་ལྗོངས་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲོལ་མཆན་སྒྲུབ་གཉེར་ཚོམས་ཆེན་གྱི་ལས་སྒོ་སྒྲུབ་ཚད་སྔོན་ཆད་དང་བསྡུར་ན་ལྡབ་འགའ་འཕར་ཡོད། བོད་ཀྱི་ལོ་གསར་རིང་གི་གྲོང་མི་དང་འགྲུལ་བའི་ཁྲོལ་མཆན་སྒྲུབ་གཉེར་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། བོད་ལྗོངས་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་འཛིན་ཞིབ་བཤེར་ཉིང་ལག་རུ་ཁག་གིས་ཁྲོལ་མཆན་སྒྲུབ་གཉེར་གྱི་པར་རྒྱག་སྒྲིག་ཆས་དང་གློག་ཀླད། ཐོབ་ཐང་ལག་ཁྱེར་བཤེར་འབེབས་ཆས་སོགས་སྔོན་ཚུད་ནས་ཞིབ་བཤེར་ཉམས་གསོ་བྱས་ཏེ། རྒྱུན་ལྡན་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས། དེ་དང་ཆབས་ཅིག་ཏུ་ལུགས་མཐུན་སྒོས་མི་དམངས་ཉེན་རྟོག་པའི་ལས་རེས་བཀོད་སྒྲིག་བྱས་ནས་སྐར་ཁུང་དུ་ཁྲོལ་མཆན་སྔོན་སྒྲུབ་གྱི་ལས་སྒོ་ཤར་གཏོང་བྱས། །

W020230222608955581761.jpg

W020230222609060646368.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།