ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟེང་ཆེན་གྱི་རས་པ་དང་ཆབ་མདོའི་སྐོར་བྲོ། སྨར་ཁམས་ཀྱི་པི་ཝང་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྣ་མང་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྱི་ཐོན་ཁུངས་གྲུབ་ཡོད་ལ། བོད་ལྗོངས་ཀྱི་གཏིང་ཟབ་ཅིང་ངོ་མཚར་ཆེ་བའི་རིག་གནས་ཀྱི་ནང་དོན་མངོན་པར་བྱས་ཡོད། 

བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་རིམ་པ་བཞི་བའི་ཞིབ་འཇུག་བརྟག་དཔྱད་མཁན་ཏོན་ཏུང་ལིན་གྱིས་ཆབ་མདོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་ཀྲུང་ཧྭའི་མི་རིགས་སོ་སོའི་དབར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་བཞིན་པ་མངོན་ཡོད་ལ། ཀྲུང་ཧྭ་མི་རིགས་ནི་ཕུང་པོ་གཅིག་ཡིན་པར་བདེན་དཔང་ནུས་ལྡན་བྱས་ཡོད། སླད་ཕྱིན་ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་དང་དགོངས་པ་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།