ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྣེ་གདོང་ཆུས་ཀྱིས་དཀའ་ངལ་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི115འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དམངས་སྲིད་ཅུའུ་ཡིས“སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་དམ་འཛིན”ལ་བརྟེན་ནས་དཀའ་ངལ་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”མཐོར་འདེགས་སུ་བཏང་བ་དང་། དུས་ཐོག་ཏུ2023ལོའི་དུས་ཚིགས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་འདང་ངེས་སྒོས་དཀའ་ངལ་མང་ཚོགས་སོ་སོའི་རྩིས་ཐོར་འགྲེམ་གཏོང་བྱས་ཏེ། མང་ཚོགས་ཀྱིས་སྤྲོ་སྣང་ལྡན་པའི་ལོ་གསར་བ་ཞིག་རོལ་བར་འགན་ལེན་ཏན་ཏིག་བྱས་ཡོད། 

ཐེངས་འདིར་དཀའ་ངལ་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི115.85འགྲེམ་གཏོང་བྱས་ཤིང་། དེས་སྣེ་གདོང་ཆུས་ཏང་ཨུ་དང་ཆུས་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་གང་ལེགས་མངོན་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་མཐོར་འདེགས་སུ་བཏང་བ། ཏང་གི་དམངས་ཕན་སྲིད་ཇུས་མི་སེམས་ལ་སྔར་བས་གཏིང་ཟབ་ཟུག་པར་བྱས་ཏེ་འཆམ་མཐུན་སྣེ་གདོང་གི་རྣམ་པ་ལེགས་པོ་སྔར་བས་ཇེ་མཐོར་བཏང་ཡོད།

སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོའི་ཚན་ཆུང་གཉིས་པའི་དབང་བོ་སྐྱོན་ཅན་ཚེ་རིང་ལྷག་འཛོམས་ཀྱིས་སྒོར1935ཁ་གསབ་རོགས་དངུལ་བླངས་ཡོད། ཁོ་མོས“རོགས་དངུལ་འདིས་ངའི་འཚོ་བར་རོགས་རམ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པས་ཏང་དང་སྲིད་གཞུང་གིས་ང་ཚོ་དབང་བོ་སྐྱོན་ཅན་ལ་ཐུགས་ཁུར་དང་སེམས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། རང་ཉིད་ཀྱི་ནུས་པར་བརྟེན་ནས་ཡོང་འབབ་ཇེ་མང་དུ་བཏང་སྟེ་སྲིད་གཞུང་ལ་དཀའ་ལས་མི་བཟོ་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།