ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར726.5ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུ་ཚེས6ཉིན་ལྷ་སར་བསྡུས། ཚོགས་འདུ་ཐོག2022ལོའི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར726.5ལ་སླེབས་ཤིང་། ཕྱི་ཕྱོགས་ཉོ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར46ཟིན་ནས་དུས་མཉམ་ལས14.6%འཕར་ཡོད་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་གྲངས6.9ལས་མཐོ་ལ། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་རིམས་ནད་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱུང་ཡོད་པ་བཅས་ཁྱབ་བསྒྲགས་བྱས

ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཐིང་ཀྲང་ཁྲེན་ཅོན་གྱིས་ལས་དོན་སྙན་ཞུ་ཕུལ་ཏེ། 2022ལོའི་ཚོང་དོན་ལས་དོན་ལ་ཕྱིར་མིག་གིས་བལྟས་པ་དང2023ལོའི་ཚོང་དོན་ལས་དོན་བཀོད་སྒྲིག་ལེགས་པོ་བྱས།

 “ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་བསྐྲུན་ནས་ཕྱི་ཕྱོགས་ཉོ་ཚོང་རྒྱ་སྐྱེད་དུ་གཏོང་བ”ཁྲེན་ཅོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 2022ལོར་ཀྲུང་དབྱང་གི་ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར1.95བརྩོན་ལེན་བྱས་ནས། ཕྱི་ཕྱོགས་ཉོ་འཚོང་བརྟན་བརླིང་ཡོང་བ་དང་སྤུས་ཚད་མཐོར་གཏོང་ལ་རྒྱབ་སྐྱོར་བྱས་པ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གསར་གཏོད་མཐོར་འདེགས་མངོན་འགྱུར་བྱུང་བ་དང་དཔལ་འབྱོར་གསར་སྤེལ་ཁུལ་ཁག་ཏུ་ཁེ་ལས8700ལྷག་ཐོ་འགོད་བྱས་ཡོད། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ། བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཐད་གཙོ་གནད་ལྷུ་ཚིགས་དང་ལས་སྟེགས་གསར་བ་ཐོབ་པ། ལྷ་སའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཏོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱས་ནས་འཁོར་སྐྱོད་ཚོང་གཉེར་བྱེད་མགོ་ཚུགས་ཡོད།

2022ལོར། བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་འཛུགས་སྐྲུན་བྱས་ནས་མཉམ་ལས་བརྗེ་རེས་གཏིང་ཟབ་དུ་བཏང་བ་དང་། འགག་སྒོ5ཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལེགས་པར་འགྲུབ་པ། སྐྱིད་གྲོང་འགག་སྒོར་བལ་ཡུལ་ལ་ཕྱོགས་གཉིས་སུ་ཉོ་འཚོང་བྱེད་པ་མངོན་འགྱུར་བྱུང་བ། སྤུ་ཧྲེང་འགག་སྒོར་བལ་ཡུལ་ལ་སྣ་རྐྱང་ཕྱིར་གཏོང་ལས་དོན་སྤེལ་བ་མངོན་འགྱུར་བྱུང་བ། སྐྱིད་གྲོང་དང་འགྲམ་འགག་སྒོའི་ཚོང་ཟོག་ཞིབ་བཤེར་བྱེད་སྟངས་མུ་མཐུད་ཇེ་ལེགས་སུ་བཏང་སྟེ། འགག་སྒྲོལ་ནུས་པ་མཐོར་འདེགས་སུ་བཏང་བ་དང་ལོ་ཧྲིལ་བོའི་ཕྱིར་གཏོང་ཚོང་ཟོག་ཏུན་ཁྲི9.73ཟིན་ནས་དུས་མཉམ་ལས5%འཕར་ཡོད། ཀྲུང་ནེ་མཐུན་འབྲེལ་བཟོ་ལས་གླིང་རྣམ་གྲངས་མ་འཇོག་འཕེལ་རྒྱས་དང་སྲིད་ཇུས་གྲོས་མོལ་གྱི་དུས་མཚམས་སུ་སླེབས་ཡོད་ཅིང་། མོས་མཐུན་ཡོད་པའི་ཁེ་ལས12ལ་གན་རྒྱ་བཞག་ཡོད་པ་དང་གན་འཇོག་མ་དངུལ་སྒོར་དུང་ཕྱུར5.83སླེབས་པ། སྤུ་ཧྲེང་འགག་སྒོའི་ཟམ་པའི་རྣམ་གྲངས་ཀྱི་སྔོན་དུས་ལས་དོན་ལེགས་པར་འགྲུབ་ནས་མི་འགྱངས་བར་ལས་མགོ་ཚུགས་པའི་དུས་མཚམས་སུ་སླེབས་ཡོད།

ཁྲེན་ཅོན་གྱིས་ད་ལོར་བོད་ལྗོངས་ཀྱིས་བགྲོད་ལམ་འཛུགས་སྐྲུན་དང་སྒོ་དབྱེ་སྐུལ་འདེད་གཏོང་བའི་ཐད་འགག་སྒོའི་རྨང་གཞིིའི་རྣམ་གྲངས་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་པ་དང་། ལེགས་རྩེ་འགག་སྒོར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པར་སྐུལ་འདེད་གཏོང་བ། སྤུ་ཧྲེང་འགག་སྒོར་ཕྱོགས་གཉིས་སུ་ཉོ་འཚོང་བྱེད་པ་མངོན་འགྱུར་བྱུང་བ། སྐྱིད་གྲོང་འགག་སྒོའི་མི་སྣ་ཕར་འགྲོ་ཚུར་འོང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། འགག་སྒོ་སྒྲོལ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ། ལྷ་སའི་སྐམ་སའི་གྲུ་ཁ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམ་ལྟེ་གནས་དང་གཞིས་ཀ་རྩེའི་སྐམ་ཐོག་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་ཟོག་འགྲེམ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞུང་ཕྱོགས་ལྕགས་ལམ་གྱིས་མཉམ་འབྲེལ་སྐྱེལ་འདྲེན་དང་དོས་སྒམ་བཀལ་བའི་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཨེ་ཤ་ཡ་ལྷོ་མའི་མེ་འཁོར་རྒྱུན་རྣམ་ཅན་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ། མཐ་མཚམས་ཉོ་འཚོང་ཟོག་འགྲེམ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བ། བལ་ཡུལ་ལ་དངོས་ཟོག་ཏུན་ཁྲི10ལས་བརྒལ་བ་ཕྱིར་གཏོང་ཐུབ་པ་དང་དུས་མཉམ་ལས5%ཡས་མས་འཕར་བ་མངོན་འགྱུར་འབྱུང་བ་བསྟན་ཡོད།

ཁོང་གིས་ད་ལོར་བོད་ལྗོངས་ཀྱིས་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར10%ཡས་མས་འཕར་བ་དང་། མཐའ་མཚམས་ཉོ་འཚོང་དང་ཕྱིར་གཏོང་ནང་འདྲེན་ཉོ་འཚོང་གཉིས་འཕར་བ་མངོན་འགྱུར་བྱུང་བ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན10%ཡན་འཕར་བ། དཔལ་འབྱོར་གསར་སྤེལ་ཁུལ་དང་མཐའ་མཚམས་མཉམ་ལས་ཁུལ་གྱི་ཕྱི་ཕྱོགས་ཉོ་འཚོང50%འཕར་བ་བཅས་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།