ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་པོ་རྒྱ་མདའ་རྫོང་གིས་དེང་རབས་ཀྱི་བོད་ཕག་ལས་རིགས་འཕེལ་རྒྱས་བཏང་ནས་དམངས་ཕྱུག་གི་ཁྱད་ལྡན་ཐོན་ལས་བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བྲག་ཡིབ་ཆུས་ཀྲུའུ་ཅང་ཞིང་ཟོག་ཁྲོམ་རར་གནས་པའི་བོད་ལྗོངས་ཞིང་ས་གཤིན་པོའི་ཞིང་ཟོག་ཁྱད་ལྡན་ཐོན་རྫས་མཁོ་ཚོང་ཁང་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཉིན་དེར་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག་སོས་པ་དང་ཕག་ཤ་ལྕགས་ཀྲིན་སོགས་ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།

ཞིང་ཟོག་ཁྱད་ལྡན་ཐོན་རྫས་མཁོ་ཚོང་ཁང་ནི་བོད་ལྗོངས་ཞིང་ས་གཤིན་པོའི་ཁེ་ལས་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས་ཀྱི་ཡོད། ཐད་ཚོང་ཁང་བཙུགས་པ་དེ་ནི་ཀོང་པོ་རྒྱ་མདའ་རྫོང་གིས་བོད་ཕག་ཐོན་ལས་ལ་ལས་སྣོན་བྱས་པ་ནས་ཁྲོམ་རར་འདོན་པར་སྐུལ་འདེད་གཏོང་བའི་བར་གྱི་གསར་གཏོད་དང་ཚོད་ལྟ་ཞིག་རེད།

མིག་སྔར་བོད་ལྗོངས་ཞིང་ས་གཤིན་པོའི་ཁེ་ལས་ཚད་ཡོད་ཀུང་སིར་ལོ་རེར་བོད་ཕག་ལག་ཡོད་མགོ་གྲངས་5000ལྷག་ཙམ་ཟིན་པ་དང་། ཉིན་ལྟར་ཐོན་སྐྱེད་བྱས་པའི་ཕག་ཤ་སོས་པའི་ཐོན་རྫས་ཁག་གཅིག་བོད་ལྗོངས་ཞིང་ས་གཤིན་པོའི་ཞིང་ཟོག་ཁྱད་ལྡན་ཐོན་རྫས་མཁོ་ཚོང་ཁང་གི་ཚོང་སྒྲོམ་དུ་འདོན་གྱི་ཡོད་པས་གྲོང་མི་དང་ཡུལ་སྐོར་བས་གདམ་ག་མང་པོ་བྱ་ཆོག་པ་དང་། ཁག་གཅིག་དྲ་ཐོག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད།

ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཀོང་པོ་རྒྱ་མདའི་བོད་ཕག་ཅེས་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། “ཁྱད་ལྡན་ཅན+ཆེད་ལས་ཅན+གཞི་ཁྱོན་ཅན+ས་ཁོངས་ཅན”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་དམ་པོར་དམིགས་ནས“རྒྱུད་པ་སྲུང་སྐྱོང་དང་། སྤུས་འབོར་འགན་ལེན། ཐོན་ལས་གླིང”བཅས་འགག་རྩའི་ལྷུ་ཚིགས་གསུམ་ལ་དམ་འཛིན་བྱས་ཏེ། སྲིད་གཞུང་གིས་སྐུལ་འདེད་དང་། ཁེ་ལས་ཀྱིས་སྐུལ་ཁྲིད། རྟེན་གཞིས་མཉམ་སྒུལ། ཁྲོམ་རས་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་པས་བོད་ཕག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།