སྡེ་ཁུལ་དུ་འོས་འགན་སྨན་བཅོས་བྱས་ནས་སྨན་བཅོས་ཞབས་ཞུ་ལེགས་པར་སྒྲུབ་པ།

未命名_副本.jpg

འདི་ནི་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་གཙོ་བཅོས་སྨན་པ་ལིའུ་ལི་ཅོན་གྱིས་སྡེ་ཁུལ་གྱི་རྒན་རྒོན་ཚོའི་གཟུགས་གཞི་བདེ་ཐང་ཡིན་མིན་ལ་ཤེས་རྟོགས་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་དང་འཕྱོངས་རྒྱས་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་སྨན་བཅོས་ཚོགས་ཆུང་བཙུགས་ཏེ་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་དུ་རིན་མེད་ངང་འོས་འགན་སྨན་བཅོས་བྱས་པ་དང་བདེ་ཐང་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། །

未命名_副本2554.jpg

པར་འདི་ནི་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་སྨན་པས་མང་ཚོགས་ལ་རིན་མེད་ངང་སྨན་རྫས་སྤྲོད་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།