ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་གྲུབ་འབྲས་ལ2022ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་ཐོབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན། གསར་འགོད་པར་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེའི་ཚན་ཞིབ་གྲུབ་འབྲས་ཁག་4ལ་2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་ཐོབ་ཡོད་པ་རེད།

བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཕུན་ཚོགས་དར་རྒྱས་ཀྱིས། 2022ལོའི་ལོ་འཁོར་ལ། ཚན་རྩལ་རྣམ་གྲངས་ཨང་དང་པོར་ལེགས་སྒྲུབ་བྱེད་མཁན་གྱི་ཚན་པ་ཡིན་པའི་བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་གྲུབ་འབྲས་ཁག་5བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་དཔྱད་འདེམས་ནང་ཞུགས་པ་དང་། དེ་དག་ལས་རང་བྱུང་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གི་ཚོགས་པས་རེ་ཞུ་བྱས་པའི“མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་དཔེ་མཚོན་དངོས་རིགས་ཀྱི་འཕྲོད་སྦྱོར་རང་བཞིན་གྱི་ལམ་སྲོལ”དང་། ཆ་འཕྲིན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྱི་ཚོགས་པས་རེ་ཞུ་བྱས་པའི“བོད་ཡིག་གནའ་གཞུང་གི་གྲངས་འཛིན་ཅན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད” གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚུའེ་ཁྲའོ་དབྱིན་གྱི་ཚོགས་པས་རེ་ཞུ་བྱས་པའི“མཚོ་བོད་ས་མཐོའི་གསོ་རླུང་དམའ་བའི་ཁོར་ཡུག་དང་འཚམ་པའི་བོད་རིགས་ཀྱི་སྐྱེ་ཁམས་ཁྱད་ཆོས་དང་དེའི་སྙོམས་སྒྲིག་ཚོད་འཛིན་ལམ་སྲོལ”བཅས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སློབ་གསོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མཱ་ཧའེ་ལིན་གྱི་ཚོགས་པས་རེ་ཞུ་བྱས་པའི“གསོ་རླུང་བརྗེ་ཚབ་དང་སྙོམས་སྒྲིག་གི་མིའི་རིགས་དང་ས་མཐོའི་ཁོར་ཡུག་ལ་སྐུལ་བསྟུན་འཚམ་འཕྲོད་ལམ་སྲོལ་དང་ཐེ་ཇུས་བྱེད་ཐབས”ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། 2022ལོར་བོད་ལྗོངས་སློབ་ཆེན་ལ་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་དཔྱད་འདེམས་ཁྲོད་གྲུབ་འབྲས་ཡག་པོ་ཐོབ་པ་དང་། ལྷག་པར་དུ་བྱ་དགའ་ཨང་དང་པོའི་ཐོབ་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ལས་བརྒལ་ནས། རྒྱ་ཆེའི་དགེ་རྒན་གྱི་ཚན་ཞིབ་ཀྱི་ཧུར་སེམས་ཆེས་ཆེར་འཕེལ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་ནི་རང་ལྗོངས་ཀྱི་སྲིད་གཞུང་སྡེ་ཚན་གྱིས་དཔྱད་འདེམས་བྱེད་འགན་འཁུར་བའི་ཞིང་ཆེན(ལྗོངས)རིམ་པའི་ཚན་རྩལ་བྱ་དགའ་ཞིག་ཡིན་ལ། 2023ལོའི་ལོ་འགོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》ཡོངས་བསྒྲགས་བྱས་ཤིང་། 2022ལོའི་ལོ་འཁོར་ལ་ཁྱོན་རྣམ་གྲངས(མི་སྒེར)21ལ་བྱ་དགའ་ཐོབ་ཡོད་པ་ལས། ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་མཁན་1དང་། བྱ་དགའ་ཨང་དང་པོ་7 ཨང་གཉིས་པ་13བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།