གཞིས་ཀ་རྩེའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་ལས་ལག་རྩལ་གྱི་ལག་དེབ་བཟོས་ནས་ཐོན་འཕར་འབབ་འཕར་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་དགོས་མཁོ་དང་ཟུང་འབྲེལ་གྱིས《ཧི་མ་ལ་ཡ་ནས་ཨང་22པའི་ཐོན་མཐོའི་འདེབས་འཛུགས་དངོས་སྤྱོད་ལག་རྩལ་གྱི་ལག་དེབ(བོད་རྒྱ་པར་གཞི)》དང《རྒྱུད་བཟང་བཞོན་མ་ནུས་ཆེའི་གསོ་ཚགས་དོ་དམ་གྱི་དངོས་སྤྱོད་ལག་རྩལ་ལག་དེབ(བོད་ཡིག་པར་གཞི)》རྩོམ་སྒྲིག་བྱས་ནས་དཔར་བ་རེད། མིག་སྔའི་བར་ལག་དེབ་གཉིས་པོ་སོ་སོར་དེབ་1700པར་བརྒྱབ་ནས་ངམ་རིང་རྫོང་གི་སྲིད་འཛིན་གྲོང་ཚོ་115ལ་སྤྲད་པ་རེད།

ངམ་རིང་རྫོང་ཆུ་འོག་ཤང་བསམ་གྲུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ཤིས་ཕུན་ཚོགས་ཀྱིས“གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་རྩོམ་སྒྲིག་བྱས་ཏེ་སྤྲད་པའི་ལག་རྩལ་ལག་དེབ་གཉིས་ང་ཚོའི་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པས་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ལ་ཕན་ཐོགས་ཆེན་པོ་འདུག”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།