ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཟློས་གར་མཐུན་ཚོགས་ཀྱིས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆུང་ངུར“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་བྱ་དགའ་འཐོབ་མཁན་ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་བསྟན་ནོར་དང་། བདེ་སྐྱིད་པད་སྒྲོལ། བསྟན་འཛིན་སྨོན་ལམ། བློ་བཟང་། ཟླ་བ་ནོར་བུ་སོགས་ལ་སྤྲད་པའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་བརྒྱུད་སྤྲོད་བྱས་པ་དང་། ཀྲུང་གོའི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)ལ་སྤྲད་པའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་མཉམ་སྡེབ་ལེ་ཚན”གྱི་གཟི་བརྗིད་ལག་ཁྱེར་བརྒྱུད་སྤྲོད་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ལོ་ཆུང་བྱིས་པར་ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་མཚན་སྙན་ཐོབ་པ།