ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་སྒྱུར་ཨུ་ལྷན་གཞུང་ལས་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཡིག་སྒྱུར་དང་དྲིལ་སྒྲོག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་སྒྱུར་ཨུ་ལྷན་གཞུང་ལས་ཁང་གིས་ཡིག་སྒྱུར་བྱས་ཟིན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞུང་ལས་ཁང་གི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཁྱབ་བསྒྲགས་དང་ཕྱིར་གཏོང་བྱས་ནས། བོད་སྐད་ཡིག་རྩོམ་སྒྱུར་སྡེ་ཚན་དེ་གཞི་རིམ་མང་ཚོགས་ཀྱི་བསམ་བློ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་ཆབ་སྲིད་སློབ་གྲྭ་དང་། ཏང་གིས་མང་ཚོགས་དང་འབྲེལ་བ་འཛུགས་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུར་བྱས་པ་མ་ཟད། རྫོང་དང་ཆུས་སོ་སོའི་བོད་སྐད་ཡིག་སྒྱུར་ཨུ་ལྷན་གཞུང་ལས་ཁང་ལ་སྣེ་ཁྲིད་བྱས་ནས་ལས་འགན་གང་ལེགས་སྒྲུབ་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འོས་འགན་དྲིལ་སྒྲོག་པ་བྱས།

ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོའི་བོད་སྐད་ཡིག་སྒྱུར་ཨུ་ལྷན་གཞུང་ལས་ཁང་གིས་འབོད་སྐུལ་དང་ཧུར་ཐག་གིས་བསྟུན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་དངོས་གནས་མི་སེམས་སུ་གཤགས་པར་ལས་འགན་ནུས་བ་གང་ལེགས་འདོན་ཆེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་འབྲེལ་ཡོད་ནང་དོན་ཡིག་སྒྱུར་དང་ལེགས་སྒྲིག་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་རྫོང་ཐད་གཏོགས་སྡེ་ཚན་དང་། གྲོང་རྡལ་གྲོང་གསེབ་རྩ་འཛུགས། སློབ་གྲྭ། དགོན་པ་སོགས་ཀྱི་སྡེ་ཚན་ལ་དྲིལ་སྒྲོག་དཔེ་དེབ་དང་དྲིལ་སྒྲོག་དངོས་རྫས་སྤྲད་པས། བསྡོམས་པས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སློབ་སྦྱོང་རྒྱུ་ཆ》(སྐད་གཉིས)དང་། 《རྒྱ་བོད་ཤན་སྦྱར་ཐ་སྙད་ཕྱོགས་བསྒྲིགས》དེབ1000 ། དྲིལ་སྒྲོག་དྲོད་འཛིན་ཇ་ཕོར300ལྷག་སྤྲད་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།