ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ད་ལོའི་ཟླ་དང་པོའི་རྒན་གསོ་དང་ལས་རྨས་འགན་བཅོལ་ཐོབ་ཐང་སྤྲོད་པའི་ལས་དོན་ལེགས་པར་འགྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ཟླ1པོར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་འཁྱུར་ངལ་གསོ་བྱས་པའི་ཁེེ་ལས་ཀྱི་ལས་བཟོ་བ4077ལ་རྒན་གསོའི་འགན་བཅོལ་འཚོ་དངུལ་སྒོར་ཁྲི1809.45སྤྲད་པ་དང་། ལས་དོན་སྡེ་ཁག་གི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣར་རྒན་གསོའི་འཚོ་དངུལ་སྒོར་ཁྲི4697.41སྤྲད་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ཐོབ་ཐང་ལེན་པའི་མི་སྣ15141ལ་རྒན་གསོའི་འཚོ་དངུལ་སྒོར་ཁྲི374སྤྲད་པ། དུས་ཡུན་རིང་བོར་ལས་རྨས་ཐོབ་ཐང་ལོངས་སྤྱོད་བྱེད་པའི་མི་སྣ54ལ་ལས་རྨས་འགན་བཅོལ་འཚོ་དངུལ་སྒོར་ཁྲི16.13བཅས་སྤྲད་པ་མ་ཟད། ཐོབ་ལོངས་ལོངས་སྤྱོད་མཁན54ཡི2023ལོ་འཁོར་གྱི་ལས་རྨས་ཐོབ་ཐང་ལེན་པའི་ངོས་འཛིན་ལས་དོན་དུས་ཐོག་ཏུ་ལེགས་པར་འགྲུབ་ཡོད། ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒན་གསོ་དང་ལས་རྨས་འགན་བཅོལ་ཐོབ་ཐང་དུས་བཅད་ལྟར་འགྲེམ་གཏོང་བྱས་ནས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་དང་། ལས་རྨས་བྱུང་བའི་ལས་བཟོ་བ་དང་དེའི་ཁྱིམ་མིའི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།